[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-04-15

    ཟླ་4ཚེས་12ཉིན་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རྒྱལ་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་གཟིགས་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཚོགས་འདུ་འཚོགས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད་ལ། སྐོར་གཟིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གསར་པ་དང་བཀོད་སྒྲིག་གསར་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གསར་པ་སློབ་སྦྱོང་དང་ལག་བསྟར་དང་སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་རེད། བསམ་བློ་གཅིག་གྱུར་བྱུང་ཚེ། གཞི་ནས་གོམ་སྟབས་གཅིག་གྱུར་ཡོང་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྐོར་གཟིགས་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་འབྲེལ། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་སྐོར་གཟིགས་ལས་དོན་གྱི་ངེས་གནས་དང་སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་གཏན་འཁེལ་གནང་བ་མ་ཟད། སྐོར་གཟིགས་ཀྱི་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་ཁ་གསལ་བཏོན་ནས་སྐོར་གཟིགས་སྐོར་ཞིབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ང་ཚོས་ངེས་པར་དུ་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྙིང་རུས་ཆེན་པོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དང་། རྒྱལ་ཡོངས་སྐོར་གཟིགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་བློ་མཐུན་ཀྲའོ་ལེ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཕུན་སུམ་ཚོགས་པའི་ནང་དོན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་ཕུགས་བསམ་དད་སེམས་བརྟན་པོ་དང་། འགན་འཁྲིའི་འཁུར་སེམས་ཆེན་པོ། བྱང་ཆུབ་པའི་ལས་སྒྲུབ་འཇོན་ཐང་བཅས་སུ་འགྱུར་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་འགན་ལེན་བྱེད་དགོས།

    སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་གཟིགས་བྱེད་རིང་གཙོ་གནད་གཞུང་ཁོངས་ཁེ་ལས་དང་གཙོ་གནད་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་སུ་རྒྱུན་གཏན་གྱི་སྐོར་གཟིགས་དང་རིམ་པ་མཐོར་གཏོང་གི་སྐོར་གཟིགས་ལས་དོན་སྤེལ་རྒྱུ་དང་། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གིས་ཀྱང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་འདོམས་ཐོག་སྐོར་ཞིབ་ལས་དོན་སྤེལ་རྒྱུ་རེད། ཏང་དང་རྒྱལ་ཁབ་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་ལྷིང་འགན་ལེན་ཐད་ལྟ་སྐུལ་དང་འགན་ལེན་ནུས་ལྡན་བྱེད་དགོས། སྐོར་གཟིགས་ཐད་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ཁྱད་ཆོས་དང་ཆོས་ཉིད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་ཀྱི་འགན་འཁྲིར་དམ་འཛིན་བྱེད་དགོས་པ་མ་ཟད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་སོགས་ལ་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། གཅིག་ཤོས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་དང་ལྟ་སྐུལ་གྱི་གཙོ་གནད་དང་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་སྲོལ་བཅས་ལ་གཞིགས་པ། བཙན་ཞིང་ནན་པའི་སྒྲིག་ཁྲིམས་དང་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་སྤུས་ལེགས་ཕན་ཆེའི་ངང་ལས་དོན་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་ལ། སྐོར་གཟིགས་དང་ལྟ་ཞིབ་ལས་དོན་ཡང་ནམ་ཡང་ཚར་དུས་མེད། དུས་རབས་གསར་པའི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྐོར་གཟིགས་སྐོར་ཞིབ་ལས་ཁུངས་ཀྱིས་རྣམ་འགྱུར་བརྟན་ཤོས་དང་། བླང་བྱ་ནན་ཤོས། བྱ་ཐབས་ནུས་ལྡན་བཅས་ཀྱི་སྒོ་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་པོ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ཀྱི་ཐོག་ནས་སྐོར་གཟིགས་སྐོར་ཞིབ་ལས་དོན་ལ་རྣམ་པ་གསར་པ་གཏོད་པ། ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པའི་ངར་ཤུགས་ཀྱི་ཐོག་ནས་ཤུགས་འདོན་དང་བཀག་རྒྱའི་ནུས་པ་ཐོན་པ། རང་ལྗོངས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་གཏོད་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།