[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞུང་ཁོངས་ཁེ་ལས་ཀྱི་རྣམ་པ་གསར་གཏོད་ལ“དར་ཆས་ཁྲིད་སྟོན”བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཡང་ཞའོ་ཅོན།    |    སྤེལ་དུས།   2019-05-08

    ད་ཆ་དུས་རབས་གསར་པར་སླེབས་པས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། གཞུང་ཁོངས་ཁེ་ལས་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་གར་འགྱུར་བར་བྱེད་དགོས།

    གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་གཞུང་ཁོངས་ཁེ་ལས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་དངོས་ཤིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་གི་ངོས་ནས་གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་དང་འོས་འགན་གལ་ཆེན་འཁུར་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱིས་ཡིད་ཆེས་ཆོག་པའི་སྟོབས་ཤུགས་ཀྱི་རྟེན་ས་ཞིག་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བཅས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང“ཕྱིར་སྐྱོད་པ”དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བཅས་ཀྱི་སྟོབས་ཤུགས་གལ་ཆེན་བཅས་རེད། དེར་བརྟེན་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གཞུང་ཁོངས་ཁེ་ལས་ཀྱི་ལས་འགན་གལ་ཆེན་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་མཐའ་འཁྱོངས་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་འགན་ལེན་བྱེད་པ་དེ་རེད།

    གཉིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། བོད་དུ་གཞུང་ཁོངས་ཁེ་ལས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་ལ། བོད་ལྗོངས་འཛུགས་སྐྲུན་དང་། བོད་ལྗོངས་བརྟན་ལྷིང་། བོད་ལྗོངས་གྲ་རྒྱས་བཅས་ཀྱི་ལས་འགན་གལ་ཆེན་ཁུར་ཡོད། “འབྲེལ་བ་ཆ་བཅུ་གསུམ”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་འབྲེལ་བ་ཡོད་པ་དང་ལས་ཀའི་སྤྱིའི་དམིགས་ཚད་དང་། དམིགས་ས་དང་ཤུགས་རྒྱག་ས། འགོ་འཛུགས་ས་དང་དོན་ལ་འབབ་ས་བཅས་ཡོད་ལ། ནང་དོན་ཕུན་སུམ་ཚོགས་པ་དང་ནུས་ལྡན་གཅིག་གྱུར་ཞིག་རེད།

    གསུམ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་། གཞུང་ཁོངས་ཁེ་ལས་ཀྱི་རྩ་བ་དང་བླ་སྲོག གཞུང་ཁོངས་ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་བཅས་རེད་ཅེས་གསུངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།