[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བྱེད་དགོས།

    རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-05-10

    མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་བདེའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ལག་ལེན་བསྟར་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ། དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལ་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ། དུས་རབས་གསར་པར་སྤྱི་བདེ་ལས་ཁུངས་ཀྱིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པའི་ངང་སྒྲུབ་པ་དང་། སྤྱི་བདེ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་དང་བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    དུས་བདེ་ནི་མི་དམངས་ཀྱི་བདེ་སྐྱིད་དང་ཁམས་བདེའི་གཞི་རྩའི་བླང་བྱ་ཞིག་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ཏེ་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཀྱི་སྤྱིའི་དམིགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་དམ་པོར་དམིགས་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། དམག་འཐབ་རེ་རེར་རྒྱལ་ཁ་ལེན་པ། ཆབ་སྲིད་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་ནུས་ལྡན་བྱས་ཏེ“དུས་བདེའི་ཀྲུང་གོ”རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་པར་བྱས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འོག གྲུབ་འབྲས་འདི་དག་ཐོབ་པའི་ཆེས་གཞི་རྩ་ནི་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན། དཀའ་སྤྱད་ལེགས་སྐྱེས་བཅས་ལས་བྱུང་བ་ཞིག་རེད།

    སྤྱི་བདེ་ལས་ཁུངས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་བ་དང་སྲུང་སྐྱོང་བ་ཞིག་ཡིན་པས། ངེས་པར་དུ་ཏང་དང་མི་དམངས་ཀྱི་ལག་ཏུ་སྟངས་འཛིན་ཡག་པོ་བྱེད་དགོས། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བྱས་ཚེ། སྤྱི་བདེ་ལས་དོན་གྱིས་གཞི་ནས་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་དང་མི་དམངས་སྤྱི་བདེས་མི་དམངས་ལ་ལས་དོན་སྒྲུབ་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཟོལ་མེད་ལག་བསྟར་བྱེད་ཐུབ། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པར་ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་རྟོག་པ་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། བསམ་བློའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཉེན་རྟོག་པ་ཡོངས་ཀྱིས་དད་མོས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། བསམ་པའི་ཀལ་འདང་ངེས་གསབ་པ། བསམ་བློའི་རྨང་གཞི་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས་བསམ་བློའི་ཐད་མཐོ་ཚད་ལ་བརྟེན་ཏེ་མཐུན་སྒྲིལ་གཅིག་གྱུར་གྱིས་བྱ་སྤྱོད་ནུས་ལྡན་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་ཆབ་སྲིད་ལ་ལྷག་བསམ་རྣམ་དག་དང་། ཆབ་སྲིད་ཀྱི་འགན་འཁུར། ཆབ་སྲིད་ཀྱི་ནུས་པ། ཆབ་སྲིད་ཀྱི་རང་གཅུན་བཅས་ལ་དཔྱད་ཞིབ་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས།

    བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག གཞུང་དྲང་གི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་བཅས་ལྡན་ཚེ། མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཡོང་ཐུབ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འགན་འཁུར་ཕོད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཚེ་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་གོ་རིམ་དང་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།