[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཧྲུའུ་ཅི་ཨང་དང་པོས“ཨང་དང་པོ་གསུམ”བྱེད་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལིའུ་ཧྥུང་།    |    སྤེལ་དུས།   2019-05-10

    ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་རིམ་བཞིན་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་། དཀའ་ཚེགས་ཆེ་བའི་ཆ་རྐྱེན། གནས་ཚུལ་རྙོག་དྲ་ཚ་བ་བཅས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་གྱི་ད་ཆའི་གནས་བབ་ལ་དམིགས་ནས་ཧྲུའུ་ཅི་ཨང་དང་པོ་ཁག་གཅིག་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་འཇོན་ཐང་མངོན་གསལ་དོད་པོ་མེད་པ་དང་གཞི་རིམ་ལས་དོན་ལ་འགྱུར་ལྡོག་གཏོང་རྒྱུ་གནད་ལ་མ་འཁེལ་བའི་གནས་ཚུལ་ཡང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་ཡོད། དེར་བརྟེན་སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཧྲུའུ་ཅི་ཨང་དང་པོའི་འཇོན་ཐང་དེ་བས་ཡག་པོ་མངོན་རྒྱུར་སྐུལ་འདེད་བཏང་ནས་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས་པར་འགག་རྩ་ནི་གཤམ་གསལ་གྱི་ཕྱོགས་གསུམ་ཐད་ཀྱི“ཨང་དང་པོ”བྱེད་ཐུབ་པ་བྱས་ནས་ཧྲུའུ་ཅི་ཨང་དང་པོ་མིང་དོན་མཚུངས་པ་ཞིག་བྱེད་དགོས།

    རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་ཡོན་ལས་བྱེད་པའི“སྦྱིན་བདག་ཨང་དང་པོ”བྱེད་དགོས་ཤིང་། ལས་སྒྲུབ་ལས་གཏོད་ཀྱི་འགག་རྩ་ནི་མིར་ཐུག་ཡོད། གཞི་རིམ་གྱི“ཨུ་ལྷན་གཉིས”ཚན་ཁག་གི་ནུས་མེད་ཟབ་ཟོབ་དང་། གོང་བུ་སྒྲིལ་ཤུགས་མི་འདང་བ། “གཙོ་རྐང”སྟོབས་ཤུགས་ཞན་པ་བཅས་ནི་གྲོང་ཚོ(གྲོང་ལྷན)མང་པོར་འཕྲད་པའི་འཕེལ་རྒྱས་ཀྱི་དཀའ་གནད་དང་ཐག་གཅོད་དཀའ་བའི་རྒྱུ་རྐྱེན་གཙོ་བོ་རེད། དེར་བརྟེན་ཧྲུའུ་ཅི་ཨང་དང་པོས་གྲོང་ཚོར(གྲོང་ལྷན)བཅའ་སྡོད་བྱེད་རིང་། ངེས་པར་དུ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས་པ་དང་། འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། དོ་དམ་གྱི་འཇོན་ཐང་། ལག་བསྟར་ཆུ་ཚད་བཅས་མཐོ་རུ་བཏང་ནས་མཐུན་སྒྲིལ་མཉམ་སྐྱོད་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།

    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“ལམ་སྟོན་པ་ཨང་དང་པོ”ཡག་པོ་བྱེད་དགོས་ཤིང་། གྲོང་གསེབ་འཕེལ་རྒྱས་གཏོང་བར་འགག་རྩ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཐུག་ཡོད། ཧྲུའུ་ཅི་ཨང་དང་པོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་མོ་བཙུགས་ཏེ་གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་དེ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས།

    མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དམངས་ཆེད་བདེ་སྐྱིད་སྐྲུན་པའི“སྙིང་ཉེ་བ་ཨང་དང་པོ”ཡག་པོ་བྱེད་དགོས་ཤིང་། དམངས་འཚོ་དོན་གཉེར་བྱེད་མཁན་ལ་དམངས་སེམས་ཐོབ། ཧྲུའུ་ཅི་ཨང་དང་པོས་མང་ཚོགས་ཁྲོད་དུ་བསྐྱོད་དེ་རང་ཉིད་གྲོང་མིའི་ནང་མིར་བརྩི་བ་དང་། མང་ཚོགས་ཀྱིས་ཤོད་པའི་གནད་དོན་རང་ཁྱིམ་གྱི་དོན་དག་ལ་བརྩི་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་རང་ཁྱིམ་གྱི་ལས་ཀར་བརྩི་བ་བཅས་བྱས་ཏེ“མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པའི”སྤྱོད་ཚུལ་བཟང་པོ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་བྱས་ནས་དམངས་ཀྱི་ཆེད་དུ་སེམས་ཁྲལ་དང་དཀའ་ངལ་སེལ་བའི་དོན་དག་ཆུང་ཙག་ཁྲོད་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་ཡོང་བ་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།