[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལི་མེ་དབྱིང་།    |    སྤེལ་དུས།   2019-05-10

    ལོ་རྒྱུས་ལས་ར་སྤྲོད་བྱུང་བར། མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་རེད། གཅིག་གྱུར་ལས་རྒྱལ་ཁབ་དར་རྒྱས་དང་དམངས་རྣམས་བདེ་ལ་འཁོད་ངེས་དང་། ཁ་ཕྲལ་ལས་རྒྱལ་ཁབ་ཉམས་ཉེས་སུ་འགྲོ་རྒྱུ་ཉག་ཅིག་རེད།

    སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། དང་ཐོག དུས་བབ་གསར་པའི་འོག་གཞི་རིམ་གྱིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་གཟེངས་བསྟོད་ཤུགས་ཆེན་བྱེད་པ། མི་རིགས་ཁག་དབར་ཡིད་ཆེས་དང་བརྩི་འཇོག་བྱེད་པར་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་གྱི་རྣམ་པ་བཟང་པོར་སྲུང་སྐྱོང་བྱེད་དགོས།

    དེ་ནས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ནི་ཏང་གི་ལས་དོན་ཡོངས་དང་དམག་འཐབ་ནུས་པའི་རྨང་གཞི་རེད་ལ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོའང་རེད། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་འགོག་སྲུང་འཛིང་རགས་བསྐྲུན་ཟིན་ན། བརྟན་ལྷིང་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་ཡོང་སྲིད། ལམ་ལུགས་ཐོག་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བླང་བྱ་སྔར་བས་ཞིབ་ཕྲ་བཏོན་ནས་ཞིབ་ཕྲའི་བྱ་སྤྱོད་གང་ཞིག་ནི་སྤྱི་ཚོགས་ཀྱིས་ཁས་མི་ལེན་པ་དང་། གལ་སྲིད་དེ་ལས་འགལ་ན་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་སོགས་ཁ་གསལ་བཟོས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གནད་དོན་དེ་རིགས་ཐོན་མི་རུང་བ་དང་། གལ་སྲིད་དེ་ལས་འགལ་ཚེ་ལས་སླ་པོར་གཏན་ནས་མི་འཇོག་པར་ཐག་གཅོད་ནན་པོ་བྱེད་ངེས་ཡིན་པའི་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས།

    མཇུག་ཏུ། རིགས་ཁག་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་རིག་གནས་ལུས་རྩལ་བྱེད་སྒོ་སོགས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་དེར་ཁྱབ་པར་བྱས་ཐོག མང་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་བ་དང་ཆབས་ཅིག ཧུར་བརྩོན་ཆེན་པོས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལས་ཀར་ཞུགས་སུ་འཇུག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།