[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་རིགས་གཙོ་བོར་དམིགས་ནས་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལིའུ་ཆན་རུའུ།    |    སྤེལ་དུས།   2019-05-15

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གནས་བབ་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། ཆར་རྗེས་ཀྱི་མྱུ་གུ་བཞིན་འཚར་ལོངས་བྱུང་བའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་དང་གཞི་ཁྱོན་གཉིས་ཀར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་། ས་གནས་ནོར་སྲིད་ཡོང་འབབ་འཕར་བའི་ཡོང་ཁུངས་གལ་ཆེན། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་སུ་གྱུར་ཡོད།

    མིག་སྔར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་། དེ་བཞིན་གཉེར་སྐྱོང་བར་བླང་བྱ་གསར་པ་བཏོན་ཡོད། འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་སྒྱུར་བཅོས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྤྲད་ཡོད། དུས་རབས་གསར་པར་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་གིས་ཀྱང་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལེའུ་ཡག་པོ་བརྩམས་ཏེ་ལས་རིགས་གཙོ་བོར་དམིགས་ནས་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་སྟོབས་ཤུགས་ཡག་པོ་འཕེལ་བ་དང་། རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གཅིག་གྱུར་ཡོང་བར་བྱས་ནས་འཕེལ་རྒྱས་གསར་པ་མངོན་འགྱུར་ཧུར་ཐག་བྱས་ཏེ་མེས་རྒྱལ་སྟོབས་ཆེ་དང་མི་དམངས་བདེ་སྐྱིད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    དེའི་དོན་དུ་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱ་ཐབས་སུ་བརྩིས་ནས་ཞབས་ཞུ་ལེགས་གཏོང་དང་ལས་ཆོད་ཆེར་གཏོང་ཚད་བརྒལ་དུ་བྱས་ཏེ་སྔར་བས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་ཁྲོམ་རའི་བྱེད་པོ་20%ཡན་འཕར་བ་དང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་15%ཡན་འཕར་བ། ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་300ཡན་ཟིན་པ། ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་10%ཡན་གཅོག་པ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་10%ཡན་འཕར་བ་བཅས་ཀྱི་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ནས་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཡག་པོ་སེལ་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཚོང་འགུགས་མ་འདྲེན་ལ་དམ་འཛིན་ལྷོད་མེད་བྱས་ནས་དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་མུ་མཐུད་རྒྱ་ཆེར་གཏོང་བ། ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་ལ་དམ་འཛིན་ལྷོད་མེད་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱེད་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་བསྐྲུན་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས་དུས་ཐོག་ཏུ་དམངས་གཉེར་ཁེ་ལས་ཀྱི་རེ་ཞུར་བརྡ་ལན་སློག་པ། དམངས་གཉེར་ཁེ་ལས་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ནས་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་འདི་ཉིད་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཇོན་ཐང་ངོམ་ས་དང་གྲུབ་འབྲས་ཆེན་པོ་གཏོད་སར་གྱུར་བ་བྱས་ཏེ་དུས་རབས་གསར་པའི་ལེའུ་གསར་པ་སླར་ཡར་རྩོམ་པ་དང་དུས་རབས་གསར་པར་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།