[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོས་མི་སེམས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན།    |    སྤེལ་དུས།   2019-05-24

    རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱ་རྒྱུ་དེ་མི་རིགས་ལས་དོན་གྱི་རྩ་བའི་ལས་འགན་ཞིག་ལ་བརྩིས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གསར་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 

    2016ལོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོའི་དཔེ་སྟོན་ཁུལ”གྱི་གཟེངས་རྟགས་སྤྲད་ཡོད།

    གསར་གཏོད་ལས་དོན་གྱིས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཟབ་ཏུ་བཏང་བ་དང་། མི་རིགས་དབར་གྱི་འབྲེལ་བ་ལེགས་སུ་བཏང་བ། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས“མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། ད་དུང་དེ་ལས་ས་གནས་དེ་གའི་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཀྱང་ཐོན་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་ནི་ངོ་བོའི་ཐོག་ནས་བརྗོད་ན་མི་དང་མིའི་དབར་མཐུན་སྒྲིལ་བྱེད་པ་ཞིག་རེད། མི་རིགས་ཁག་གི་ཁོངས་མི་ཁྲི་སྟོང་མང་པོ་དང་ཁོང་ཚོ་ལས་གྲུབ་པའི་རྩ་འཛུགས་དང་སྒྲིག་གཞི་སྣ་ཚོགས་ནི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཡག་པོ་ཞིག་གཏོད་པའི་གཞི་རྟེན་གལ་ཆེན་ཡིན་ཞིང་། ཁོང་ཚོ་ཐེ་ཞུགས་བྱེད་ཚད་དེ་གསར་གཏོད་བྱེད་སྒོར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་མིན་དང་ནང་གནས་སྒུལ་ཤུགས་ཆེན་པོ་ཡོད་མིན་བརྟག་པའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ལ་རྒྱ་ཁྱབ་ཏུ་ཞུགས་རྒྱུའི་སྐུལ་སློང་བྱ་རྒྱུ་དང་གོང་ནས་འོག་བར་དེ་འོག་ནས་གོང་བར་དང་ཟུང་འབྲེལ་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོའི་ཕུགས་ཕན་ལམ་སྲོལ་མཚོན་པའི་ཐབས་ལམ་གལ་ཆེན་ཞིག་རེད། དེ་གཉིས་ཟུང་འབྲེལ་ཐུབ་ན་གཞི་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།