[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གསར་བརྗེའི་རིག་དངོས་ལ་བརྟེན་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབྱངས་ཅན།    |    སྤེལ་དུས།   2019-05-24

    གསར་བརྗེའི་རིག་གནས་ནི་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དང་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་རྩ་བ་དང་། བླ་སྲོག འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་བཅས་རེད། གསར་བརྗེའི་རིག་དངོས་ནི་གསར་བརྗེའི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་དང་ཆ་འཕྲིན་མཛོད་རེད་ལ་གསར་བརྗེའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་བའི་མཚམས་སྦྱོར་བྱེད་ལམ་དང་ཐབས་ལམ་གཙོ་བོ་ཞིག་ཀྱང་རེད། འོན་ཏེ་གསར་བརྗེའི་རིག་དངོས་མང་དག་ཅིག་ལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གནོན་ཤུགས་ཧ་ཅང་ཆེན་པོ་དང་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་ཡོད། སྨྱུག་འཛིན་པའི་བསམ་པར། གསར་བརྗེའི་རིག་གནས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བར། དང་ཐོག་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས། སྲུང་སྐྱོང་དང་། ཉར་ཚགས། བདག་བཟུང་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་མེད་ན། གསར་བརྗེའི་རིག་དངོས་རྒྱུན་འཛིན་དང་བེད་སྤྱོད་ཅེས་པ་དེ་ཆུ་འགོ་མེད་པའི་ཆུ་དང་རྩ་བ་མེད་པའི་སྡོང་པོ་ལྟ་བུ་རེད། རིག་དངོས་སྲུང་སྐྱོང་གི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བར། དང་ཐོག་རིག་དངོས་སྲུང་སྐྱོང་ནི་སྲིད་སྐྱོང་བྱས་རྗེས་ཤིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་པའི་ཁར། བསམ་བློ་དང་ངོས་འཛིན་ཐད་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་མཐོང་ཆེན་བྱས་ཏེ། དེ་ཏང་གི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།

    ལྷུན་གྲུབ་རྫོང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལས་དོན་དོན་འཁྱོལ་ནན་པོ་བྱ་ཆེད། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་གྱིས་ལྷུན་གྲུབ་ཞིང་ར་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་སླར་གསོ་བྱས་ཡོད།

    གསར་བརྗེའི་ཡུལ་སྐོར་ཐོན་ལས་གཏོད་པའི་ངོས་ནས་བརྗོད་ན་གསར་བརྗེའི་གནའ་ཤུལ་ལྷུན་གྲུབ་ཞིང་རར་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། གསར་བརྗེའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་ན། ལྟ་སྐོར་ལྗོངས་གཟིགས་བྱ་ཆོག་ལ་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་དང་། གསར་བརྗེའི་འཐབ་རྩོད་ཤེས་རྒྱ་ཆེ་རུ་འགྲོ་བ། གསར་བརྗེའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་། དུས་རབས་གསར་པའི་སྙིང་སྟོབས་འཕེལ་བ་བཅས་ཀྱི་དམིགས་ཡུལ་ཡང་འགྲུབ་སྲིད། མིག་སྔར། ལྷུན་གྲུབ་ཞིང་རའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་དང་དེ་ལས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ངེས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།