[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོ་ལེཌ་སུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་འགོ་འཛུཌ་ས་རེད་ལ་དེ་བས་ཀྱང་དོན་ལ་བབས་ས་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧོང་ཀྲི་ཝུའུ།    |    སྤེལ་དུས།   2019-06-19

    དུས་ཐུང་ལོ་ཁ་ཤས་ནང་། འདམ་གཞུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་དང་དུས་མཚུངས། འདམ་གཞུང་རྫོང་གི་དམངས་འཚོའི་བྱ་གཞག་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ནས་མང་ཚོགས་ཚོས་ལོངས་སུ་སྤྱོད་པའི་མཛེས་སྡུག་ལྡན་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་མཆིས།

    མི་དམངས་མང་ཚོགས་འཚོ་བར་དགའ་ཞེན་ཡོད་ཅིང་། སློབ་གསོ་དེ་བས་ཡག་པ་དང་། ལས་ཀ་དེ་བས་བརྟན་པ། ཡོང་འབབ་དེ་བས་བློ་ཡིད་ཚིམ་པ། སྤྱི་ཚོགས་འགན་སྲུང་དེ་བས་བློས་འགེལ་ཆོག་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་བས་ཆུ་ཚད་མཐོ་བ། སྡོད་གནས་ཀྱི་ཆ་རྐྱེན་དེ་བས་སྐྱིད་སྣང་དོད་པ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ལ་རེ་སྒུག་བྱེད་ཀྱིན་ཡོད་ལ། ཕྲུ་གུ་ཚོ་འཚར་ལོངས་དེ་བས་ཡག་པ་དང་། ལས་ཀ་དེ་བས་ཡག་པ། འཚོ་བ་དེ་བས་ཡག་པ་བཅས་ལ་རེ་སྒུག་བྱེད་བཞིན་ཡོད། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་སེར་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན”ཞེས་མཛུབ་སྟོན་གནང་ཡོད། ང་ཚོའི་ལས་དོན་མཐའ་དག་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པར་མཐར་ཚང་མ་མི་དམངས་ལ་དངོས་ཕན་ཐོབ་ཡོད་མེད་དང་། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་དངོས་སུ་ལེགས་སུ་ཕྱིན་ཡོད་མེད་ལ་ལྟ་དགོས། གལ་ཏེ་ང་ཚོའི་འཕེལ་རྒྱས་ཀྱིས་མི་དམངས་ཀྱི་རེ་སྒུག་སྐོང་མི་ཐུབ་པ་དང་། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་མི་ཐོབ་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་མ་བྱུང་ཚེ། འཕེལ་རྒྱས་དེ་རིགས་ལ་དོན་སྙིང་གང་ཡང་མེད།

    དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་དེ་གཉིས་འཁོར་རྒྱུག་ཡག་པོ་ཐུབ་པ་བྱེད་དགོས། དེ་ཡང་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་དཔལ་འབྱོར་འཕེལ་རྒྱས་དང་ཁ་བྲལ་ནས་དམངས་འཚོ་ལེགས་གཏོང་གི་སྐོར་གླེང་བ་ནི་ཆུ་འགོ་མེད་པའི་ཆུ་དང་རྩ་བ་དོར་བའི་ཡལ་ག་ལྟ་བུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་དམངས་འཚོ་ལེགས་གཏོང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་མི་རྣམས་ཀྱི་ཧུར་སེམས་ཆེ་རུ་ནུས་ལྡན་གཏོང་ཐུབ་ལ། ཡུལ་མིའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་སྤེལ་ཐུབ་ནས་ནང་མཁོ་ཡར་སྐུལ་དང་དཔལ་འབྱོར་འཕར་གཞི་གསར་པར་སྐུལ་འདེད་ཐུབ་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།