[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མང་ཚོགས་ཀྱི་སྤྱི་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཏོན་མིན།    |    སྤེལ་དུས།   2019-06-19

    དུས་རབས་གསར་པར་མི་དམངས་མང་ཚོགས་ཀྱི་རིག་གནས་དང་ལྷག་དོན་དུ་སྤྱི་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་ཆེ་ལ་བླང་བྱ་དེ་བས་མཐོ་པོ་ཡོད་པ་རེད། སྨྱུག་འཛིན་པས་བལྟས་ན། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ།

    དང་པོ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། རིག་གནས་ལས་དོན་པར་ཆ་མཚོན་ན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ལག་བསྟར་བྱ་རྒྱུ་ནི་མི་དམངས་མང་ཚོགས་གསར་རྩོམ་བྱ་ཡུལ་དང་ཞབས་འདེགས་ཞུ་ཡུལ་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྩམས་ཆོས་སྔར་བས་མང་ལ་ལེགས་པར་བརྟེན་ནས་དུས་རབས་གསར་པའི་འབད་འབུངས་ཡར་བརྩོན་པ་དང་དཀའ་སེལ་པར་བསྟོད་གླུ་འབུལ་བ་དང་། དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་རྣམ་པ་གསར་པ་མངོན་པ། དུས་རབས་གསར་པའི་འཕེལ་རྒྱས་གསར་པ་དང་འཕོ་འགྱུར་གསར་པ་མཚོན་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད།

    གཉིས་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། དུས་རབས་གསར་པའི་རིག་གནས་ལས་དོན་པར་མཚོན་ན། དུས་རབས་གསར་པ་དང་འཚམ་པ་དང་སྤྱི་པའི་རིག་གནས་ཐད་ཀྱི་དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་པར་སྔོན་ལ་འཇོན་ཐང་ཆེན་པོ་ལྡན་དགོས། གཞི་རིམ་ལ་རྩ་བ་བཙུགས་ཏེ་ཁེངས་སྐྱུང་ངང་མི་དམངས་མང་ཚོགས་ལ་སློབ་སྦྱོང་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་དང་། མང་ཚོགས་ཀྱི་བསམ་བློ་གཏོང་ས་ཤེས་རྟོགས། རིག་གནས་ཀྱི་བརྩམས་ཆོས་གསར་རྩོམ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་སྐྱེས་སུ་འབུལ་དགོས།

    གསུམ་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་གཏོད་བྱེད་དགོས་ཤིང་། དུས་རབས་གསར་པར་སྤྱི་པའི་རིག་གནས་ལས་དོན་ཐད་མི་དམངས་མང་ཚོགས་ཀྱིས་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྔོན་ཆད་ཀྱི“ཐབས་ལམ་རྙིང་པ”དང“བྱེད་ཕྱོགས་རྙིང་པ”ལ་མང་ཚོགས་ཀྱི་དགའ་མོས་བྱེད་ཉུང་དུ་ཕྱིན་པས། རིག་གནས་གསར་པ་དང་ཞབས་ཞུ་གསར་པ་ཐོབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།