[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རིག་གནས་ཀྱིས་དབུལ་སྐྱོར་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲང་མོང་།    |    སྤེལ་དུས།   2019-06-21

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་གནས་འཛུགས་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པ་དཔེར་ན། ཏེང་པ་བའི་རིག་གནས་དང་གོམས་སྲོལ་སྲུང་སྐྱོང་བྱས་པ་དང་། ཀོང་པོའི་བོད་རིགས་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱས་པ། ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གཉེར་བ་སོགས་བརྒྱུད་རིག་གནས་དང་དཔལ་འབྱོར་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་ཐུབ་ནས་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་པ་རེད། མིག་སྔར། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་རིག་གནས་དབུལ་སྐྱོར་གྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་བྱེད་དགོས།

    རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། རང་ལྗོངས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་རྩ་ཆེན་ལྡན་ཡོད། རིག་གནས་ཡུལ་སྐོར་དང་། རིག་གནས་རྣམ་གྲངས། ཉེ་འཁོར་ས་ཁུལ་གྱི་རིག་གནས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བཅས་ཀྱི་ཐད། “འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱེད་དགོས། གཞན་ཡང་གཅིག་ནས་སྲོལ་རྒྱུན་གྱི་རིག་གནས་ཐོན་ཁུངས་སྲུང་སྐྱོང་ཐུབ་པ་བྱེད་དགོས་ལ། གཉིས་ནས་ས་གནས་དེ་གའི་མང་ཚོགས་དང་། ལྷག་པར་དུ་མང་ཚོགས་དབུལ་པོར་ལས་གནས་གཏོད་པ་དང་། ལས་གཏོད་ཀྱི་གོ་སྐབས་སྐྲུན་པ། ཡོང་འབབ་དངོས་ཐོབ་པ་བཅས་བྱེད་དགོས།

    ཁྱད་ལྡན་རིག་གནས་ཐོན་ལས་གཏོད་དགོས་ཤིང་། ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་མི་འདྲ་བས་རིག་གནས་ཐོན་ཁུངས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིག་གནས་ཐོན་ཁུངས་སྔོག་འདོན་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་དགོས།

    རིག་གནས་དབུལ་སྐྱོར་གྱི་ཤེས་ལྡན་པ་སྐྱེད་སྲིང་བྱེད་དགོས་ཤིང་། ལྗོངས་ཕྱི་ནང་གི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་ནས་ཐོན་པའི་སློབ་ཐོན་སློབ་མ་ས་ཁུལ་དབུལ་པོར་ཆེད་དོན་རིག་གནས་དབུལ་སྐྱོར་བྱེད་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ལས་ཞོར་རིག་རྩལ་ཚོགས་པར་རྒྱབ་སྐྱོར་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གཞི་རིམ་གྱི་རིག་རྩལ་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་དང“ནམ་ཡང་མི་ལོག་པའི”གྲོང་ཚོའི་རིག་གནས་དཔུང་ཁག་གཅིག་གཏོད་དགོས། དབུལ་སྐྱོར་གྱི་འཐབ་ཕྱོགས་དང་པོ་དང་གཞི་རིམ་ནས་འདེམས་སྒྲུག་བརྒྱབ་པའི་ཤེས་ལྡན་པ་གསོ་སྦྱོང་བྱས་ཏེ་རིག་གནས་དབུལ་སྐྱོར་གྱི་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་རིམ་བཞིན་འཛུགས་དགོས།

    རིག་གནས་དབུལ་སྐྱོར་བྱེད་པར་གཅིག་ནས“བསམ་བློ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ”དགོས་ལ། གཉིས་ནས“དངོས་པོའི་འཚོ་བའང་ཕུན་སུམ་ཚོགས་པོ”དགོས། བསམ་བློར་ལྕག་སྐུལ་ཐེབས་པ་དང་དངོས་པོ་ཕུན་སུམ་ཚོགས་པོ་བྱུང་ཚེ། གཞི་ནས་དབུལ་པོའི་རྩ་བ་འབུད་ཐུབ་པ་དང་གཞི་ནས་དངོས་འབྲེལ་དབུལ་སྒྲོལ་བྱེད་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།