[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལུའུ་ལི་ཅོན།    |    སྤེལ་དུས།   2019-07-24

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། སྨན་བཅོས་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་སོགས་ལྷ་ས་གྲོང་ཁྱེར་གྱིས“མང་ཚོགས་ཀྱི་དགོས་མཁོར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ”དམིགས་ཚད་དུ་བཟུང་སྟེ། སྨན་བཅོས་ཞབས་ཞུའི་ས་ཚིགས་མང་དུ་དང་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་གྲོང་མི་དང་ཞིང་འབྲོག་མང་ཚོགས་ཚོར་སྨན་བཅོས་དེ་བས་སྟབས་བདེ་དང་སེམས་ཁྲལ་དེ་བས་ཉུང་དུ་འགྲོ་བར་བྱས་ཡོད། སྨྱུག་འཛིན་པས་ལྷ་ས་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བས་གཤམ་གྱི་ལས་དོན་དག་ཡག་པོ་སྒྲུབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་རིང་རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དེང་རབས་ཅན་གྱི་སྨན་ཁང་དོ་དམ་ལམ་ལུགས་འཛུགས་མགྱོགས་སུ་གཏོང་བ། རྫོང་དང་ཤང་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཤང་གི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་ཧུར་ཐག་བཏང་ནས་གཞི་རིམ་སྨན་བཅོས་ཀྱི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བ། “རིག་ལྡན་སྨན་བཅོས”འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྨན་བཅོས་ཞབས་ཞུ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་ཤིང་། སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་ལྟེ་གནས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མཁོ་ཆོད་སྨན་པ་དཀའ་བཅུ་པ་གསོ་སྦྱོང་ལས་དོན་སྤེལ་མགྱོགས་སུ་གཏོང་བ་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཅོང་ནད་ལྟ་ཞིབ་ཚད་ལེན་དང་སྟབས་བསྟུན་སྨན་བཅོས་ལས་དོན་ཡག་པོ་སྒྲུབ་པ། ལས་རྗེས་དཔྱད་ཞིབ་ལམ་ལུཌ་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    “བདེ་ཐང་ལྷ་ས”འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། 《“བདེ་ཐང་ལྷ་སའི”བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)》ལག་བསྟར་བྱས་ཏེ། “བདེ་ཐང་ལྷ་ས”འཛུགས་སྐྲུན་དང་སྒྲིག་འཛུགས་ཀྱི་མཐུན་སྦྱོར་ལམ་སྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཇུས་གཞི་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་སེལ་ཤུགས་ཆེ་རུ་གཏོང་བ། ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་འཕྲལ་སྡོམ་མ་ལག་དང་ནུས་པ་འཛུཌ་སྐྱོང་བྱེད་ཤུཌ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    སྨན་བཅོས་ཀྱི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས་ཤིང་། སྨན་བཅོས་ཞབས་ཞུ་ལེགས་གཏོང་གི་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྨན་ཁང་དང་གཙོ་གནད་ཆེད་ཚན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་གི་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་ཤིང་། འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་ཆུ་ཚད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“འགན་ལེན་བྱེད་དགོས་རིགས་རིམ་ཁོངས་སུ་འཇུག་པའི”ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་འཕེལ་རྒྱས་དང་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། མ་བུ་བདེ་ཐང་ཞབས་ཞུའི་ཆུ་ཚད་བརྟན་དུ་དང་མཐོ་རུ་གཏོང་བ། ཕྱོགས་མིའི་དོ་དམ་ཞབས་ཞུ་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།

    བོད་ཀྱི་གསོ་བ་རིག་པའི་བྱ་གཞག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ཆེར་གཏོང་འདུ་འགོད་ལག་བསྟར་བྱེད་པ་དང་། བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་བོད་ཀྱི་གསོ་བ་རིག་པའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    སྨན་བཅོས་འཕྲོད་བསྟེན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་ཁང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་རིག་གནས་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།