[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཟླ་བ་ཚེ་རིང་།    |    སྤེལ་དུས།   2019-07-26

    བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་ནི་ཏང་གི་སྲིད་སྐྱོང་བའི་རྨང་གཞི་དང་། སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། གཞི་རིམ་གྱི་ཏང་རྩ་འཛུགས་འགྱུར་མེད་སྟོབས་དང་ལྡན་པ་དང་། ཏང་ཡོན་ཚོས་རང་འཁྲིའི་འཇོན་ཐང་བཏོན་ན། གཞི་ནས་ཏང་གི་རྨང་གཞི་སྲ་ཞིང་བརྟན་པ་དང་། ཏང་ལ་འཐབ་ནུས་ལྡན་ངེས་ཡིན་ཞེས་གསུངས་ཡོད། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལོ་རྒྱུས་ཀྱི་འོས་འགན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱིས་དཔའ་ངར་ཞུམ་མེད་ངང་འབད་འཐབ་བྱེད་པའི་ལུས་སེམས་གཉིས་ཀྱི་སྒུལ་ཤུགས་ཤིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཚ་ཚ་འུར་འུར་དུ་སྤེལ་བཞིན་པའི་སྐབས་སུ། གུང་ཁྲན་ཏང་མི་སྔར་ལས་མང་བས། རང་འགུལ་དང་། རང་མོས། མ་སྐུལ་དང་བླངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དཔུང་ཁག་ནང་ཞུགས་ཏེ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་མིག་དཔེ་འདོན་སྤེལ་བྱེད་དགོས། དེ་ནི་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཁ་ཙམ་མིན་པར་དོན་ཐོག་ཏུ་འཁྱོལ་བའི་བྱེད་སྟངས་ལེགས་པོ་ཞིག་རེད།

    དེའང་ཐོག་མར་ཏང་ཡོན་ཚོས་གཞི་རིམ་གྱི་འཐབ་ས་དང་པོར་སློབ་སྦྱོང་ལ་མིག་དཔེ་འདོན་དགོས་ཏེ། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་རང་ཉིད་ཀྱི་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ལ། བསམ་པའི་འཚོ་བཅུད་གསབ་ནས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་སྣང་ཆེན་བྱེད་དགོས། དུས་ངེས་མེད་དུ་ལས་དོན་རུ་མི་དང་མང་ཚོགས་སྒྲིག་འཛུགས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་ཡང་ནས་བསྐྱར་དུ་སློབ་སྦྱོང་བྱེད་དགོས།

    ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་དང་ཏང་ཡོན་མི་སྒེར་གྱི་ཆབ་སྲིད་ཀྱི་བྱང་ཚད་ལེགས་སུ་གཏོང་བའི་ཆེད་དུ་ཡིན། ཏང་ཡོན་མི་སྒེར་གྱི་ཆབ་སྲིད་ཀྱི་བྱང་ཚད་ལེགས་སུ་ཕྱིན་ན། སེམས་ལ་ཏང་དང་མི་དམངས་ཁོ་ན་བཅངས་ནས་མི་དམངས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་གདོང་ལེན་དཔེ་བཟང་གི་མིག་དཔེ་སྔར་བས་ལེགས་པོ་འདོན་ཐུབ།

    ཏང་ཡོན་ཚོས་ཡུལ་དུས་གང་ལའང་མ་བལྟོས་པར་གདོང་ལེན་དཔེ་བཟང་གི་མིག་དཔེ་འདོན་སྤེལ་བྱེད་དགོས། དེ་ནི་ཏང་ཡོན་མི་རེ་ངོ་རེའི་གཞི་རྩའི་བླང་བྱ་ཞིག་རེད། དེས་ན་གྲོང་ཚོར་བཅའ་སྡོད་ཏང་ཡོན་ཚོས་གཞི་རིམ་ཏང་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གོང་འཕེལ་ཁྲོད་དུ་རྐང་འཛིན་དང་། སྣེ་ཁྲིད། སྦྲེལ་ཟམ་བཅས་ཀྱི་ནུས་པ་བཏོན་ནས་ལས་དོན་རུ་མི་གཞན་གྱི་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པར་གཏན་ལ་འཁེལ་བའི་བརྗིད་ཆེའི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་ཐུབ་པར་རང་གི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་ལེགས་གྲུབ་ཡོང་བར་རང་གི་འཇོན་ཐང་ཡོད་ཚད་འདོན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།