[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྟག་དཔྱད་ཞིབ་འཇུག་མི་སེམས་ལ་སྔར་བས་ཟུག་པར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲེང་ཡེ།    |    སྤེལ་དུས།   2019-08-07

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཐད་མིག་དཔེ་སྟོན་ནས་ནང་སོག་ཏུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་མཛུབ་ཁྲིད་ཀྱང་གནང་ནས“དམིགས་སར་འབྱོར་བ་བཞི”ཡི་མཛུབ་སྟོན་གལ་ཆེན་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། རང་ངོས་ཀྱི་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་བརྟག་ཞིབ་རྒྱ་ཁྱབ་དང་བསམ་འཆར་དང་གྲོས་འགོ་གསན་ནས་གནད་དོན་དངོས་ཐག་གཅོད་བྱས་པར་ཕན་འབྲས་བཟང་པོ་ཐོན་ཏེ་རང་ལྗོངས་ཀྱིས་ཏན་ཏན་ཏིག་ཏིག་ངང་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུར་མིག་དཔེ་སྟོན་ཡོད།

    བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད་ལ་གུང་ཁྲན་ཏང་ཡོན་གྱི“ཁྱིམ་བརྒྱུད་ནོར་བུ”ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་གཞི་རིམ་དུ་གཏིང་ཟབ་བསྐྱོད་དེ་ལུས་སེམས་ཚུགས་ནས་བརྟག་ཞིབ་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྤེལ་དགོས། དེ་ལྟར་བྱས་ཚེ་་གཞི་ནས་སྐད་ཆ་དྲང་པོ་ཉན་ཐུབ་པ་དང་གནས་ཚུལ་དངོས་ལ་བརྟག་ཞིབ་ཐུབ་པ། གནས་ཚུལ་ངོ་མ་ཤེས་རྟོགས། ཕན་འབྲས་དངོས་ཐོན་པ་བཅས་ཡོང་ཐུབ། 

    བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ལུས་ཚུགས་ནས་བརྟག་ཞིབ་དང་རང་ངོ་མས་མྱོང་ཚོར་བྱས་ནས། མང་ཚོགས་དང་མཉམ་ཟ་མཉམ་བཏུང་བྱས་ཚེ། གཞི་ནས་མང་ཚོགས་དང་སེམས་པ་གཅིག་ཏུ་སྒྲིལ་ཐུབ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་ང་ཚོས་ནན་ཏན་ངང་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཡག་པོ་སྤེལ་དགོས་ལ། དེ་བས་གལ་འགངས་ཆེ་ཤོས་ནི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་དགོས། “མི་བྱེད་པ་བཞི་དང་ཐད་ཀ་གཉིས”ཀྱི་བརྟག་ཞིབ་བྱེད་ཐབས་མཐའ་འཁྱོངས་བྱས་ནས“མི་རླངས་འཁོར་གང་ཐོན་པ་དང་། མི་མང་པོ་འདུས་ནས་ཚོགས་འདུ་འཚོགས་པ། གཏམ་བཤད་བྱེད་སྐབས་ཡིག་ཆ་ཀློག་པ”བཅས་ཀྱི་བརྟག་དཔྱད་བྱེད་ཐབས་སྔོན་འགོག་བྱས་ནས་ཐད་ཀར་གཞི་རིམ་དུ་ཕྱོགས་པ་དང་ས་གནས་ས་ཐོག་ཏུ་སྐྱོད་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་མཐར་ཕྱིན་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བརྟག་ཞིབ་བྱེད་ཞོར་དུ་སློབ་སྦྱོང་བྱེད་པ་དང་འབྲེལ་ལྟ་བསྡུར་ཞིབ་བཤེར་བྱེད་དགོས། དོན་དངོས་དང་བསྟུན་རྒྱུར་གཙིགས་ཆེན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་འགོག་པ་དང“འཚོལ་བསྡུའི་རྣམ་པ”དང་། “སྤོས་འཛུགས་རྣམ་པ”“གཏམ་བཟང་ཁོ་ན་བརྗོད་པའི་རྣམ་པ”“དོན་དངོས་དང་བྲལ་བའི་རྣམ་པ”བཅས་དོར་ནས་མིག་གཞི་རིམ་དུ་ལྟ་བ་དང་གཞི་རིམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་མང་ཚོགས་ཀྱིས་གང་བསམ་མིན་དང་རེ་སྒུག་གང་བྱེད་མིན་ཤེས་ཐུབ། གནད་དོན་ཕྱོཌ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་བྱེད་དགོས་རིགས་འཕྲལ་མར་ཐག་གཅོད་བྱེད་པ་དང་། འཕྲལ་མར་ཐག་གཅོད་མི་ཐུབ་པའི་གནད་དོན་ཐོ་རུ་བཀོད་ནས་གང་ཐུབ་ཅི་ཐུབ་ཀྱིས་གང་མགྱོགས་ཐག་གཅོད་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་འཐོབ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།