[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆུང་ས་ནས་འགོ་འཛུགས་པ་དང་ཞིབ་ཕྲ་ནས་ཤུཌ་སྣོན་རྒྱག་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲང་ལིན་ལིན།    |    སྤེལ་དུས།   2019-08-14

    མང་ཚོགས་ཀྱི་ཁེ་ཕན་ནི་དོན་དག་ཆུང་ཙག་ཅིག་གཏན་ནས་མིན། ཞེས་པ་ལྟར་དམངས་འཚོའི་གནད་དོན་ནི་དོན་དག་ཆུང་ཙག་ཅིག་གཏན་ནས་མིན་པར་མང་ཚོགས་ཀྱི་དོན་དག་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དོན་ཆེན་གྱི་རྨང་གཞི་ཡིན་པས། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་དུས་དང་རྣམ་པ་ཀུན་ཏུ་སེམས་དབུས་སུ་འཇོག་པ་དང་། དེར་དམ་འཛིན་བྱེད་པ། ཕྲག་པར་འཁུར་བ་དང་། ལྷག་པར་དུ་ཕར་བལྟས་ཚོད་ལ་སྟབས་བདེ་བའི་དོན་དག་སྟབས་བདེ་པོས་ཐག་གཅོད་པ་དང་ལས་སླ་པོར་འཇོག་རྒྱུ་མེད་ལ། དོན་ཆུང་ཡིན་པར་སྙམ་ནས་སྣང་མེད་དུ་དེ་བས་གཏོང་རྒྱུ་མེད། གྲོང་སྡོད་ལས་དོན་རུ་ཁག་ནི་གྲོང་སྡོད་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བཏང་ནས། མང་ཚོགས་ཁྲོད་དུ་ཟབ་སྐྱོད་དང་གཞི་རིམ་དུ་ཟབ་སྐྱོད་ཀྱིས་མང་ཚོགས་ཀྱི་སྙིང་གཏམ་ཉན་དགོས། དེ་འདྲ་བྱུང་ན་གཞི་ནས་དམངས་ཀྱི་འདོད་མོས་དང་བསྟུན་ཐུབ་པ་དང་དམངས་ཀྱི་འདོད་མོས་གསལ་པོ་ཤེས་ཐུབ་ལ། གཞི་ནས་མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག་དངོས་འབྲེལ་བྱེད་ཐུབ།

    སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། དམངས་སེམས་འདུ་འགོད་ཡག་པོ་སྤེལ་བ་ཕུད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གི“ཆུང་ས་ནས་འགོ་འཛུགས་པ་དང་ཞིབ་ཕྲ་ནས་ཤུགས་སྣོན་རྒྱག་པའི”བྱེད་ཐབས་འདི་ལྟ་བུས་ཀྱང་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་རྒྱུར་ཕན་པ་ཡོད། མི་སེར་གྱི་དགའ་སྐྱོ་མང་ཆེ་བ་ནི་སོ་སོའི་འཚོ་བ་ལས་བྱུང་བ་ཡིན་པས། གལ་སྲིད་ཁོང་ཚོས་བཏོན་པའི་དོན་དག་ཆུང་ཆུང་དང་རྩོད་གཞི་ཆུང་ཆུང་དག་ལ་མཐོང་ཆེན་མ་བྱས་པའམ་ཡང་ན་དུས་ཐོག་ཏུ་ཐག་གཅོད་མ་ཐུབ་ཚེ། དོན་ཆུང་དོན་ཆེན་དུ་འགྱུར་བ་དང་འགལ་བ་ཇེ་ཆེར་ཕྱིན་ནས། གཞི་རིམ་གྱི་སྤྱི་ཚོགས་བརྟན་ལྷིང་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཞིག་ཏུ་འགྱུར་ཉེན་ཡོད།

    དེར་བརྟེན། གྲོང་སྡོད་ལས་དོན་ནི་མང་ཚོགས་ཚོར“ཤོད་ཐུབ་པ་དང་། དོ་དམ་བྱེད་མཁན་ཡོད་པ། ཐག་གཅོད་ཐུབ་པ”དང་། མི་སེར་གྱི་འཚོ་བར་དོ་ཁུར་དང་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་ཉར་རྒྱུ་དེ་ཡིན། མང་ཚོགས་ཀྱི་ཟུར་ནས་གནད་དོན་ལ་བསམ་གཞིག་དང་བྱ་བ་དངོས་སྒྲུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་སེམས་ལ་འཇོག་པ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་རོགས་རམ་བཅས་བྱས་ཚེ། གཞི་ནས་མང་ཚོགས་ཀྱི་ཁས་ལེན་དང་གོང་བཀུར་ཐོབ་ནས། གྲོང་སྡོད་ལས་དོན་དེ་མང་ཚོགས་ཀྱི་བསམ་འདུན་དང་མཐུན་པར་སྤེལ་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།