[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་ལ་འགག་རྩའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-08-20

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འགག་སྒྲོལ་དཀའ་སེལ་དང་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་གྱི་རྣམ་བཤད་གལ་ཆེན་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། དམག་ཧྲག་མངགས་ནས་དམག་ལ་ཞུགས་པ་དང་ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་འགག་རྩའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

    མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་གནད་སྨིན་ཇུས་འདོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཕྱོགས་ཡོངས་ནས་བཀོད་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བརྟག་ཞིབ་གཏིང་ཟབ་དང་མཛུབ་ཁྲིད་ཞིབ་ཕྲ་བྱེད་པ། ཆེད་དོན་བཞུགས་མོལ་ཚོགས་འདུ་བསྟུད་མར་འཚོགས་པ། ཤིན་ཏུ་དབུལ་བའི་འཐབ་ཕྱོགས་དང་པོར་ཐེངས་མང་བསྐྱོད་པ། བྱ་ཐབས་ནུས་ལྡན་མང་པོ་བཏོན་པ། མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་མངོན་གསལ་དོད་པོ་བྱས་པ། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་གི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བ་བྱས་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་སྲིད་ཇུས་ཁྱབ་ཚད་100%ཟིན་པ། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་འགན་ཟླ་10པའི་ནང་ཡོངས་སུ་ལེགས་སྒྲུབ་ཐུབ་རྒྱུ་བཅས་བྱས་པས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། གཙོ་གནད་ཚད་བརྒལ། སྐུལ་འདེད་གཏིང་ཟབ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    ཤིན་ཏུ་དབུལ་བའི་གནད་དོན་ལ་དམིགས་ནས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་རྨང་གཞི་འདིང་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་སྒྲོལ་ནང་གི་འགག་སྒྲོལ་རེད། དེར་བརྟེན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞན་ཆ་གསབ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ཏེ་འདེགས་སྐྱོར་འགན་ལེན་གྱི་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པ། “གསར་སྣོན་གསུམ”ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་རྒྱུ་དོན་འཁྱོལ་ནན་པོ་བྱེད་པ། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་གྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཕྱོགས་པ། ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་གྲོང་སྡོད་ལས་དོན་རུ་ཁག་ཡོངས་རྫོགས་དབུལ་སྒྲོལ་འགག་སྒྲོལ་དཀའ་བའི་ཤིན་ཏུ་དབུལ་པོའི་གྲོང་ཚོར་མངགས་གཏོང་བྱེད་པ། ས་ཁུལ་དབུལ་པོའི་གློག་ཤུགས་དང་། གཞུང་ལམ། འཕྲིན་གཏོང་། སློབ་གསོ། འཕྲོད་བསྟེན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་གྱི་ཞན་ཆ་ནུས་ལྡན་གསབ་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས།

    སྐོར་གཟིགས་དང་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་གསུམ་པའི་ཆེད་དོན་སྐོར་གཟིགས་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བཞི་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས། རྒྱལ་ཁབ་རྩིས་བཤེར་ཧྲུའུ་ཡི་ཆེད་དོན་རྩིས་བཤེར། ཞིང་ཆེན་དབར་དཔྱད་ཞིབ་རེས་མོས། 2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་སོགས་ཀྱི་སྐོར་གཟིགས་དང་ཞིབ་བཤེར་བྱེད་རིང་ཤེས་པའི་གནད་དོན་ལ་དམིགས་ནས། ང་ཚོས་དག་ཐེར་དོན་འཁྱོལ་མི་བྱེད་པ་ནི་མི་དམངས་ལ་འགན་མི་འཁུར་བ་ཞིག་ཡིན་པའི་བསམ་བློ་བརྟན་པོ་བཅངས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་པ་ནི་དཔལ་འབྱོར་གྱི་གནད་དོན་དང་མི་རིགས་ཀྱི་གནད་དོན་ཡིན་ལ། ཆབ་སྲིད་ཀྱི་གནད་དོན་དེ་བས་ཡིན་པའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱེད་པ། ལྟོགས་དུས་ཟས་དང་འཁྱག་དུས་གོས་མང་ཙམ་སྐྱེལ་བ་ལས་ཡང་རྩེའི་སྒང་ལ་ཡལ་སྒྲོན་ཉུང་ཙམ་རྒྱག་པ། སྲིད་ཇུས་མཁོ་འདོན་ལེགས་སུ་གཏོང་བ། ལམ་ལུགས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་པ། ཤིན་ཏུ་དབུལ་པོའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྔར་བས་དོ་ཁུར། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཟོ་བ། གནད་དོན་རེ་རེ་བཞིན་གྱི་དག་ཐེར་ལ་དམ་འཛིན། དོན་དག་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་སྐོར་གཟིགས་དག་ཐེར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

    ཁ་གཏད་བོད་སྐྱོར་བྱེད་རྒྱ་ཆེ་རུ་བཏང་ནས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། ཁ་གཏད་རོགས་སྐྱོར་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མཚོན་ཚུལ་གལ་ཆེན་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སོགས་ཀྲུང་དབྱང་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱིས་དབུལ་སྐྱོར་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་དུ་བཅུག་ནས་སློབ་གསོ་དང་སྨན་བཅོས་དབུལ་སྐྱོར་གྱི་ཆེད་དོན“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཏེ་དབུལ་སྐྱོར་གྱི་བོད་སྐྱོར་རྣམ་གྲངས་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས་ལ་ཁྱབ་པར་བྱེད་པ་དང་། བོད་སྐྱོར་དབུལ་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་ཡོད།

    དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ཕན་འབྲས་འགན་ལེན་བྱེད་དགོས། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་ཚད་ལྡན་བཟོས་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་གྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དབུལ་པོ་རང་ལོག་གི་ཉེན་ཟོན་སྔོན་བརྡ་གཏོང་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གདིང་ཤུགས་འཕེལ་བར་བྱས་ཏེ་གྲུབ་འབྲས་ལ་སྲ་བརྟན་དུ་བཏང་ནས་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་སྤྲོ་སེམས་འཕེལ་བར་བྱེད་པ། ཁྲིམས་སྲོལ་ཚད་ལྡན་བཟོས་ནས་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་བཅའ་ཁྲིམས་ནས་འགན་ལེན་བྱེད་པ། བྱ་ཐབས་ཏན་ཏིག་སྤྱད་ནས་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་ལས་གནས་དོན་འཁྱོལ། ལས་ཞུགས་གསོ་སྦྱོང་སོགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གནད་སྨིན་གཏན་འཁེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་སོང་དུས་ཐོག་ཏུ་རྩིས་ཞུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་དགོས།

    རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་ནས་ལོ་གསུམ་བསྟུད་མར“ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་ལེགས་པར”གཏན་འཁེལ་བྱས་ཡོད། གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་བསྟར་ནས་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་ཡར་བརྩོན་བཅས་བྱས་པའི་འབྲས་བུ་རེད། ལོ་སྨད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པར། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་རྩ་བའི་བྱ་ཐབས་སུ་བརྩི་བ། དམག་ཧྲག་མངགས་ནས་དམག་ལ་ཞུགས་པ། ནུས་ཤུགས་ཡོད་རྒུས་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འབད་བརྩོན་བཅས་བྱས་ཚེ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་སེལ་བའི་དམིགས་ཚད་དུས་བཀག་ལྟར་ལེགས་འགྲུབ་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།