[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “གསང་སྤྱོད་གསར་བརྗེའི”ལས་དོན་མུ་མཐུད་སྤེལ་ནས་དམངས་ལ་སྟབས་བདེ་སྐྲུན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧོང་ཀྲི་ཝུའུ།    |    སྤེལ་དུས།   2019-08-23

    སྤྱི་པའི་གསང་སྤྱོད་ལས་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་མཚོན་ལ། གྲོང་ཁྱེར་ཞིག་གི་སྐར་ཁུང་ཡིན་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲོང་ཁྱེར་དེས་ཡུལ་སྐོར་བར་བཞག་པའི་བག་ཆགས་ཀྱང་མཚོན་གྱི་ཡོད། དེ་དང་ཕྱོགས་མཚུངས། དེ་གའི་མི་ཚོགས་ལ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་དང་། སྤུས་ཚད་ལྡན་པའི་འཚོ་བ་མྱོང་རོལ་དང་སྤྱི་པའི་ཞབས་ཞུ་ཉམས་སུ་མྱོང་བའི་གཞི་རྟེན་ཞིག་ཀྱང་རེད།

    དོན་སྙིང་དེ་དག་གི་ངོས་ནས་བརྗོད་ན། གསང་སྤྱོད་ཀྱི་གནད་དོན་ལ་སྣང་ཆུང་བྱེད་མི་རུང་བ་ཞིག་རེད། ཏང་ཀྲུང་དབྱང་གིས་གསང་སྤྱོད་ཀྱི“གནད་དོན་ཆུང་ངུ”དེ་རྟག་ཏུ་ཐུགས་ལ་བརྟན་པོ་བཅངས་གནང་སྟེ། གོང་ནས་འོག་བར“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་ནས། རྒྱལ་ཡོངས་སུ་འཕྲལ་མར་བྱ་སྤྱོད་སྤེལ་བས་ཕན་འབྲས་ངེས་ཅན་ཐོན་ཡོད།

    གྲུབ་འབྲས་ཐོབ་པ་ནི་འདས་པའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་ལས་དེ་ཉིད་མཇུག་འགྲིལ་བ་ཞིག་གཏན་ནས་མིན། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར་གྱི་ངོས་ནས། ལོ་རེ་བཞིན་མང་དུ་འགྲོ་བའི་འགྲུལ་རྒྱུན་གྱིས་གསང་སྤྱོད་ལ་རེ་བ་སྔར་བས་མཐོ་བ་བཏོན་ཡོད་པས། ལྷ་སས་རྒྱུན་ཆད་མེད་པར“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་དགོས།

    དོན་དག་ཆུང་ཙག་ནི་སྤྱི་ཡོངས་དང་སྦྲེལ་ལ། དོན་དག་ཆུང་ཙག་ནི་དམངས་སེམས་དང་ཡང་སྦྲེལ། དམངས་འཚོའི་ཁེ་ཕན་དང་འབྲེལ་བའི“དོན་དག་ཆུང་ཙག”ཚང་མ་དོན་ཆེན་ལ་བརྩིས་ནས་གང་ལེགས་སྒྲུབ་དགོས། “གསང་སྤྱོད་གསར་བརྗེ”ཐེངས་གཅིག་ལ་གྲུབ་མི་སྲིད་པས་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། དམངས་འཚོ་དང་བསྟུན་ནས་དམངས་ལ་སྟབས་བདེ་སྔར་བས་མང་བ་བསྐྲུན་པའི་ཐད། ང་ཚོས་ད་དུང་ལས་ཀ་མང་པོ་སྒྲུབ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།