[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “བརྒྱུད་རོགས་འཁྲིད་གསུམ”བྱས་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲེན་ཀྲེ་ཆང་།    |    སྤེལ་དུས།   2019-08-23

    ཞིང་འབྲོག་ཁུལ་གྱི་གཞི་རིམ་དུ་ལས་ཀ་མང་བ་དང་ལས་འགན་ལྕི་བ་གང་ཞིག་ཁྱབ་རྒྱ་ཡང་ཆེན་པོ་ཡོད་པས། “བརྒྱུད་རོགས་འཁྲིད་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་པར་གཅིག་ནས“ཉ་ཉུང་མཉམ་བསྲེས”ཀྱིས་ཁྱད་པར་མེད་པ་བྱས་ན་མི་འགྲིག་ལ། གཉིས་ནས“སྐར་མ་ཞོ་བརླག”ལྟར་གཙོ་ཕལ་དབྱེ་བ་མེད་པ་བྱས་ན་མི་འགྲིག་པར་གོ་རིམ་གསེད་བཀྲོལ་དང་གཙོ་གནད་འབུར་དུ་ཐོན་པ་ངེས་པར་དུ་བྱེད་དགོས།

    གཞི་རྩའི་སློབ་གསོར་དམ་འཛིན་གྱིས་ཏང་གཤིས་ཀྱི་སྦྱོང་བརྡར་ལ་སྐུལ་འདེད་རྒྱུན་མཐུད་གཏོང་རྒྱུར་འབད་བརྩོན་བྱེད་དགོས་ཤིང་། ལས་བྱེད་པ་གྲོང་སྡོད་ཀྱི“བརྒྱུད་རོགས་འཁྲིད་གསུམ”གྱི་ལས་དོན་ཡག་པོ་སྤེལ་བར། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་འབྲོག་པའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་ཐོག གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱིས་གང་བྱེད་དགོས་པ་དང་། ཇི་ལྟར་བྱེད་དགོས་པ། ཇི་ལྟར་ཡག་པོ་བྱེད་དགོས་པ་བཅས་ཤེས་སུ་ངེས་པར་དུ་འཇུག་དགོས།

    གཞི་རྩའི་ཚད་ལྡན་ལ་དམ་འཛིན་གྱིས་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུ་ནི་གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རང་བཞིན་གྱི་འདུ་འགོད་གལ་ཆེན་ཞིག་རེད། “བརྒྱུད་རོགས་འཁྲིད་གསུམ”གྱི་ལས་དོན་སྤེལ་བར། ཏང་གི་གཞི་རིམ་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་དམ་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཐོག སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་དམ་འཛིན་དང་། ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་དམ་འཛིན། ནུས་པ་འདོན་སྤེལ་ལ་དམ་འཛིན་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས།

    གཞི་རྩའི་དཔུང་ཁག་ལ་དམ་འཛིན་གྱིས་སྟོབས་ཤུགས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་བྱེད་དགོས་ཤིང་། གཞི་རིམ་ཏང་ཡོན་ལས་བྱེད་པ་ནི་གཞི་རིམ་གྱི་ཏང་རྩ་འཛུགས་ལས་དོན་སྤེལ་བའི་རྨང་གཞི་ཡིན་པས། ཁོང་ཚོས་སྤྱིར་བཏང་གི་ལས་གནས་སུ་ཏང་གི་མངགས་བཅོལ་ཟབ་མོ་དང་མི་དམངས་ཀྱི་རེ་སྒུག་ཕྲག་སྟེང་དུ་འཁུར་ཡོད། དེས་ན། “བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་བརྒྱུད་འགོ་ཁྲིད་ཚན་ཁག་གི་དཔུང་ཁག་དང་། ཏང་དོན་རྐང་འཛིན་པའི་དཔུང་ཁག ཏང་ཡོན་གྱི་དཔུང་ཁག ཚོགས་པའི་དཔུང་ཁག་བཅས་འཛུགས་སྐྱོང་ཡག་པོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འགས་ལས་འགན་ཡག་པོ་སྒྲུབ་མ་ཐུབ་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་ཉུང་ཤས་ཀྱི་ནུས་པ་འདོན་སྤེལ་མངོན་གསལ་མ་བྱུང་བ། ཏང་དོན་ལས་དོན་པར་རྒྱ་ཁྱབ་ཏུ་གནས་པའི་ཞན་ཆ། ཏང་ཡོན་འགའི་ཏང་གཤིས་འདུ་ཤེས་ཞན་དུ་འགྲོ་བ་སོགས་ཀྱི་གནད་དོན་ཡག་པོ་སེལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།