[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཐོན་ལས་དམ་འཛིན་གྱིས་འབབ་འཕར་ལ་སྐུལ་འདེད་དང་དབུལ་སྒྲོལ་བྱེད་རོཌ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧྥེ་ཚུང་།    |    སྤེལ་དུས།   2019-09-03

    ཐོན་ལས་དམ་འཛིན་གྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་རེད། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཤིང་ཏོག་ཧྲུའུ་མའེ་ཡི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། “ཤང་གཅིག་ལ་སྤུས་རྟགས་གཅིག”གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མཐའ་འཁོར་གྱི་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ལ་སྐུལ་སྤེལ་ནུས་ལྡན་ཐུབ་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལའང་སྐུལ་འདེད་ཐེབས་པ་ནི་ཐོན་ལས་དམ་འཛིན་གྱིས་འབབ་འཕར་ལ་སྐུལ་འདེད་དང་དབུལ་སྒྲོལ་བྱེད་རོགས་ཀྱི་གྲུབ་འབྲས་རེད། སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ཚེ་གཞི་ནས་གྲོང་གསེབ་འཕེལ་རྒྱས་གཏོང་བའི“རང་རྟེན”གྱི་ནུས་པ་ཆེ་རུ་གཏོང་ཐུབ་ལ། མཐའ་འཁོར་གྱི་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཐུབ།

    ཐོན་ལས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ལག་རྩལ་གསར་པ་དང་། རྣམ་པ་གསར་པ། ལས་རྣམ་གསར་པ་བཅས་བེད་སྤྱད་དེ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ། དབུལ་སྐྱོར་ཐོན་ལས་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སུ་དང་། ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད། ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་བཅས་གཏོང་ཐུབ། ཞིང་ལས་ཉམས་ལེན་དང་། རི་ཆུར་ལྟ་སྐོར། སྤྲོ་གསེང་ལུས་གསོ། ས་ཁོངས་རིག་གནས་སོགས་རྒྱུ་ཆ་སྣ་ཚོགས་ཕྱོགས་བསྡུས་གསར་སྤེལ་ཇི་ལྟར་བྱས་ཚེ། རང་འཁོར་གཏོང་བ་དང་། ཕྱི་རོལ་དུ་སྡོད་པ། རྐང་ཐང་མར་འགྲོ་བ་སོགས་ཉམས་ལེན་སྣ་ཚོགས་ཀྱི་རྣམ་པ་འཕེལ་རྒྱས་གཏོང་ཐུབ་པ་དང་། ལས་ཞུགས་ལས་གནས་དེ་བས་མང་བ་རྒྱ་སྐྱེད་ཐུབ་པ་དང་ཆབས་ཅིག ཡུལ་སྐོར་བ་དེ་བས་མང་བས་དེ་གར་འཛད་སྤྱོད་བྱེད་པའི་ཡིད་དབང་བཀུག་ཐུབ་བམ་ཞེ་ན། ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་བརྟེན་ནས་འབྲེལ་ཡོད་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཕྲན་ཚེགས་ཁེ་ལས་སོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མང་ཚོགས་སྒོ་ཁ་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས།

    དབུལ་སྐྱོར་ཐོན་ལས་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་ནི་སྤུས་ཚད་ཡོད་པ་དང་། ཕན་འབྲས་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་རེད། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐར་གཏུགས་ན་མང་ཚོགས་དབུལ་པོར་འབབ་འཕར་ཡོང་བའི་ཐོག་དོན་འཁྱོལ་བྱེད་དགོས་པས། ངེས་པར་དུ་ལམ་ལུགས་དང་རྣམ་པ་གསར་གཏོད་བརྒྱུད། དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་གི་བྱེད་པོ་དང་མང་ཚོགས་དབུལ་པོའི་དབར་དེ་བས་བརྟན་པ་དང་དེ་བས་ཕན་འབྲས་ལྡན་པའི་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ཐོག རིགས་ཁག་གི་དུད་ཚང་དབུལ་པོ་དབུལ་པོར་གྱུར་བའི་རྒྱུ་རྐྱེན་ལ་དམིགས་ནས། རོགས་སྐྱོར་གྱི་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་དང་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།