[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་སྐྱོར་ལས་དོན་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲང་པིན།    |    སྤེལ་དུས།   2019-09-03

    ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དམིགས་ནས་བཀོད་སྒྲིག་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ལོ་3གྱི་རིང་། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱིས་ཤེས་ལྡན་པ་དང་། མ་དངུལ། ལག་རྩལ། རྣམ་གྲངས་སོགས་ཕྱོགས་གང་ཐད་ནས་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    བོད་སྐྱོར་ལས་དོན་ཁག་བརྒྱད་པ་ལས་མཇུག་སྒྲིལ་ལ་ཉེ་བའི་སྐབས་འདིར། བོད་སྐྱོར་ལས་བྱེད་པ་དང་ས་གནས་རང་གི་ལས་བྱེད་པ་དང་མང་ཚོགས་དབར་བརྩེ་བ་ཟབ་མོ་ཆགས་ནས་འབྲལ་མི་ཕོད་པར་གྱུར། སྨྱུག་འཛིན་པས། བོད་སྐྱོར་ལས་བྱེད་པ་ཁག་སྔ་མས་མཐའ་མའི་ལས་གནས་ཡག་པོ་བསྲུངས་ནས་ལོ་གསུམ་རིང་བསྒྲུབས་པའི་ལས་དོན་གྱི་གྲུབ་འབྲས་ཡག་པོ་དང་། ཉམས་མྱོང་བཟང་པོ། བཀོད་པ་ལེགས་པོ་བཅས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས། བོད་སྐྱོར་ལས་དོན་རྩིས་ཡག་པོ་སྤྲོད་དགོས་པའི་ངོས་འཛིན་བྱས་པ་རེད།

    བོད་སྐྱོར་ལས་བྱེད་པ་ཁག་གསར་པར་མཚོན་ན། ད་དུང་བོད་དུ་བསྐྱོད་རྒྱུ་ཡིན་པའི་བློ་མཐུན་ཚོས་བོད་དུ་སྔར་བཞིན་ལས་ཀ་བྱེད་བཞིན་པའི་བོད་སྐྱོར་ལས་བྱེད་པར་འབྲེལ་གཏུག་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཆ་འཕྲིན་སྔར་བས་མང་པོ་ཤེས་རྟོགས་བྱས་ཏེ། མི་འགྱངས་བར་སྤེལ་རྒྱུ་ཡིན་པའི་བོད་སྐྱོར་ལས་དོན་ལ་གྲ་སྒྲིག་ཨང་བསར་བྱས་ཏེ། ལུས་སེམས་གཉིས་ཀའི་ཐད་ནས་ས་མཐོའི་ཁོར་ཡུག་གང་མགྱོགས་འཕྲོད་པ་བྱེད་དགོས། ལས་གནས་ཐོག་འབྱོར་ཟིན་པ་རྣམས་ཀྱིས་གང་མགྱོགས“མགྲོན་པོ”ནས“བདག་པོར”འགྱུར་བར་བྱས་ཏེ། ས་མཐོའི་ཐོག་བོད་ཀྱི་མི་བྱེད་པ་དང་། བོད་ཀྱི་སྐད་ཆ་ཤོད་པ། བོད་གྱི་ལས་དོན་བསྒྲུབས་ནས། བོད་ལྗོངས་འདི་ཉིད་རང་གི“ཕ་ཡུལ་གཉིས་པར”བརྩིས་དགོས།

    རོགས་སྐྱོར་དང་ལེན་ས་ཁུལ་ཁག་གིས་ཀྱང་བོད་སྐྱོར་ལས་དོན་གྱི་རྩིས་སྤྲོད་རྩིས་ལེན་ལ་ཆ་རྐྱེན་དང་ཁོར་ཡུག་ཡག་པོ་གཏོད་དགོས། བོད་སྐྱོར་ལས་བྱེད་པ་ཁག་སྔ་མའི་མཇུག་སྒྲིལ་ལས་དོན་ལ་དོ་ཁུར་བྱས་ནས་ཁོང་ཚོ་བློ་བདེ་པོས་བོད་དང་གྱེས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཕ་ཡུལ་དུ་ལོག་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག བོད་སྐྱོར་ལས་བྱེད་པ་ཁག་གསར་པར་འཚོ་བ་དང་ལས་ཀ་སོགས་ཕྱོགས་གང་ཅིའི་ཐད་ནས་སེམས་ཁུར་བྱས་ཏེ་ཁོང་ཚོས་རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་གང་མགྱོགས་ཤེས་རྟོགས་ཐུབ་པ་དང་ས་མཐོའི་འཚོ་བར་གང་མགྱོགས་གོམས་པ་བྱས་ཏེ། རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་གྱི་འགོ་ཡག་པོ་རྩོམ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།