[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་འཛུགས་སྐྱོང་གི་སྤུས་རྟགས་དེ་བས་མང་ཙམ་འདོན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན།    |    སྤེལ་དུས།   2019-09-05

    ཏང་འཛུགས་སྐྱོང་གི་སྤུས་རྟགས་ནི་ས་གནས་གཅིག་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཉིང་བཅུད་དང་ཕྱོགས་སྡོམ་ཞིག་རེད། ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀུན་གྱིས་རྟོགས་དགོས་ན་ཏང་འཛུགས་སྐྱོང་གི་སྤུས་རྟགས་དེ་དཔེ་སྟོན་ཞིག་དང་བསམ་བློའི་གནས་ཚད་ཅིག་ཏུ་འགྱུར་བར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་གསར་གཏོད་ལྡན་པའི་ངང་སྤེལ་བ་དང་། ཏང་འཛུགས་སྐྱོང་ལས་དོན་ལྟེ་བའི་ལས་དོན་གྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ཚེ། གཞི་ནས་ཏང་འཛུགས་སྐྱོང་ལ་མཐོང་ཆེན་དང་ལས་སྒོར་མཐོང་ཆེན་བྱེད་ཐུབ།

    དང་ཐོག་ཏང་འཛུགས་སྐྱོང་གི་སྤུས་རྟགས་འདུ་ཤེས་ཟབ་ཏུ་གཏོང་དགོས། དྲ་རྒྱའི་སྨྱན་སྦྱོར་དང་། སྒུལ་བདེའི་དུད་སྣེ། གྲངས་འཛིན་བརྙན་འཕྲིན། གྲངས་འཛིན་ཚགས་པར་དང་དུས་དེབ་སོགས་ཀྱི་སྨྱན་སྦྱོར་གསར་པ་སྤྱད་དེ། སྤུས་རྟགས་ཀྱི་བསམ་བློ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་ཁག་ལ་ཁྱབ་པར་བྱེད་དགོས།

    དེ་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་དཔུང་ཁག་ཡག་པོ་འཛུགས་དགོས། རིགས་པའི་གཞུང་ལུགས་གསར་པ་མཁས་པོ་སྦྱངས་ཏེ་སྤུས་རྟགས་གཏོད་མཁན་ཤེས་ལྡན་པ་བྱང་ཚད་མཐོ་བའི་ཏང་དོན་ལས་བྱེད་པའི་གསོ་སྐྱོང་མ་ལག་ཏུ་འཇུག་དགོས། ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་དོན་ལས་ཀའི་དཔུང་ཁག་ལ་ཐུག་ཡོད། གོང་རིམ་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་ཏང་དོན་ལས་དོན་པར་ཏང་དོན་ལས་ཀའི་ནང་དོན་ལ་རྒྱུས་མངའ་ལོན་པ་དང་། ཏང་འཛུགས་སྐྱོང་གི་ལས་ཀའི་འཕེལ་ཕྱོགས་གསལ་པོ་རྟོགས་པར་བྱས་ཏེ་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་ཏང་འཛུགས་སྐྱོང་གི་སྤུས་རྟགས་དུས་ཐོག་ཏུ་ཁྱབ་གདལ་གཏོང་དགོས་པའི་སྐུལ་ལྕག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།