[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “གུར་ཆུང་ཆུང”ལས“དཔལ་འབྱོར་ཆེ་མོའི”ཕན་འབྲས་ཐོན་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཡ་ཧུའེ།    |    སྤེལ་དུས།   2019-09-05

    རིག་གནས་ནི་མི་རིགས་ཤིག་ཤེས་རྟོགས་བྱེད་པའི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་རེད་ལ། ཡུལ་ཕྱོགས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། ལྷ་སར་དཔེ་བཞག་ན། དེ་སྔ་ལྷ་སའི་གྲོང་མིའི་གླིང་ག་གཏོང་ས་གཙོ་བོ་ནི་ནོར་བུ་གླིང་ཁ་དང་དེ་བཞིན་འབྲས་སྤུངས་དགོན་དང་སེ་ར་དགོན་གྱི་ཉེ་འགྲམ་གྱི་ལྕང་གླིང་དུ་ཡིན་པ་དང་། ད་ཆ་སྟག་གདོང་གྲོང་ཚོ་དང་། ཀྲི་དང་ཞལ། དོག་སྡེ་བཅས་ཀྱི་ལུང་ཤུར་སོགས་གླིང་ཁ་གཏོང་ས་གསར་པ་མང་པོ་ཡོད་པས་གྲོང་མིར་གདམ་ག་མང་དུ་ཕྱིན་ལ། དེའི་ཉེ་འགྲམ་གྱི་མང་ཚོགས་ཀྱི་འཚོ་བ་ལའང་འགྱུར་ལྡོག་བྱུང་ཡོད།

    མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་དེ་བཞིན་སྤྲོ་གསེང་རོལ་རྩེད་བྱ་ཐབས་སྣ་མང་ཅན་དུ་ཕྱིན་པས། གླིང་ཁ་གཏོང་བ་ནི་གུར་ཞིག་ཏུ་མཉམ་འཛོམས་བྱེད་པ་ཁོ་ན་མ་ཡིན་ཏེ། “གུར་ཆུང་ཆུང”ནས“དཔལ་འབྱོར་ཆེ་མོ”ཞིག་སྐྱེད་སྲིང་བྱུང་ནས། “ཁེ་སྤོགས་དང་། གླ་ཆ། འབབ་གཏོད་བཅས་མཉམ་འབྲེལ”གྱི“གླིང་གའི་དཔལ་འབྱོར”གྱི་རྣམ་པ་ཞིག་ཐོན་ཡོད།

    “གླིང་ཁའི་དཔལ་འབྱོར”སྒྲིག་འཛུགས་མཁན་གྱིས་གླིང་ཁ་གཏོང་སའི་འཛུགས་སྐྲུན་དང་། དྲིལ་བསྒྲགས། གཉེར་སྐྱོང་དོ་དམ་བཅས་ཀྱི་འགན་ཁུར་གྱི་ཡོད། ཁོང་ཚོས་གནས་དེ་གའི་མང་ཚོགས་ཀྱི་ས་ཞིང་བོགས་མར་བླངས་པ་བརྒྱུད། མང་ཚོགས་ལ་ས་ཞིང་བོགས་གཏོང་གི་རིན་པ་ལེན་རྒྱུ་ཡོད་ཅིང་། འདི་ནི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཞིག་རེད། གླིང་ཁ་གཏོང་སའི་རྒྱུན་གཏན་གྱི་གཉེར་སྐྱོང་ནང་མང་ཚོགས་ཞུགས་ནས་ཞབས་ཞུ་བ་དང་། ཤིང་འབྲས་དང་སྔོ་ཚལ་འདེབས་མཁན། གཙང་སྦྲ་བྱེད་མཁན་སོགས་སུ་གྱུར་པ་མ་ཟད། ད་དུང་ངལ་རྩོལ་གྱི་གླ་ཆ་ཡོད་པས་དེ་ནི་ངལ་ནུས་རང་བཞིན་གྱི་ཡོང་འབབ་རེད། ཆ་རྐྱེན་ལྡན་པའི་མང་ཚོགས་ཀྱིས་རང་ཉིད་ཀྱི་སྡོད་ཁང་དང་འཇོན་ཐང་ལ་བརྟེན་ནས། ཇ་ཁང་དང་ཁྱད་ལྡན་དམངས་གཉེར་མགྲོན་ཁང་བཙུགས་ཏེ་རང་གིས་ཐོན་སྐྱེད་དང་རང་གིས་ཚོང་གཉེར་བྱེད་པའི་རང་བཞིན་གྱི་ཡོང་འབབ་གསོག་གི་ཡོད་ལ། གླིང་ཁ་གཏོང་སའི་གཉེར་སྐྱོང་དོ་དམ་ཡག་པོ་བྱུང་ཚེ་མང་ཚོགས་ལ་དེའི་ཁྲོད་ནས་བགོ་འགྲེམས་རང་བཞིན་གྱི་ཡོང་འབབ་ཀྱང་རག་གི་ཡོད། 

    དེས་ན་ང་ཚོས་མཐོང་ཐུབ་པ་ནི་ཉིན་རེ་ལས་མ་འདས་པར་ལྗིད་ཏིག་ཏིག་ཏུ་གྱུར་བཞིན་པའི་མང་ཚོགས་ཀྱི་དངུལ་ཁུག་རེད་ལ་། ཚོར་ཐུབ་པ་ནི་ཉིན་རེ་བཞིན་ཇེ་ཡག་ཇེ་བཟང་དུ་འགྲོ་བཞིན་པའི་སྣོད་བཅུད་ཁོར་ཡུག་རེད། 

    “ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་འབྲས་ཆེ་བ། འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་དང་། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་དེ་ཚ་ཚ་འུར་འུར་གྱི་གླིང་གའི་གུར་ཉིན་རེ་བཞིན་མང་དུ་སོང་བ་དང་བསྟུན་ནས་མངོན་འགྱུར་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།