[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པར་རྒྱུན་མཐུད་འབད་འཐབ་བྱས་ཏེ་སླར་ཡང་འོད་སྟོང་གསར་པ་གཏོད་དགོས།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བཅུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-10-08

    ལོ་ངོ་70ཡི་རིང་དཀའ་སྤྱད་ལས་སྒྲུབ་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད། ཏང་གི་འགོ་ཁྲིད་འོག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་པང་དུ་ང་ཚོས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་བཏོད་ཡོད། འོན་ཀྱང་དེ་ནི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་སྤོས་པ་ཙམ་ཡིན་པས་ང་ཚོས་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ་རྒྱུན་མཐུད་འབད་འཐབ་ཀྱིས་སླར་ཡང་འོད་སྟོང་གསར་པ་གཏོད་དགོས།

    སླར་ཡང་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་སྲོག་ཤིང་གི་རྗེས་སུ་འབྲངས་བ་དང་ཏང་ཀྲུང་དབྱང་གི་རྗེས་སུ་དམ་པོར་འབྲངས་དགོས། ཕྱོགས་ཁག་གི་ལས་དོན་བསྒྲུབ་པའི་གནད་འགག་ཀྲུང་དབྱང་ལ་ཐུག་པ་དང་། གྲུ་གཟིངས་ཆེན་པོ་ཁ་ལོ་བསྒྱུར་ན་དེད་དཔོན་ལ་རག་ལས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། ང་ཚོས་ངེས་པར་དུ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཐོག་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་འགན་འཁྲི་གཙང་སྒྲུབ་དང་ལས་དོན་བསྒྲུབས་ཏེ་ཏང་དང་། མི་དམངས། བྱ་གཞག་བཅས་ལ་ཚད་མཐོའི་འགན་འཁྲི་འཁུར་བའི་བསམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་རྩ་བ་ཚུགས་ཐུབ་པ་མ་ཟད། རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་སྐུལ་མ་གཏོང་དགོས།

    སླར་ཡང་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་དགོས། ང་ཚོས་ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་མཐའ་འཁྱོངས། དམིགས་བསལ་གྱི་འགལ་ཟླར་དམ་པོར་དམིགས་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། མཐའ་ཚད་སྲུང་བའི་བསམ་བློ་འཛུགས་པ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མ་འབྱུང་སྔོན་འགོག་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་མ་ཐོན་སྔོན་འགོག་ལ་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་དོན་འཁྱོལ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་མུ་མཐུད་ཐེར་འདོན་དགག་རྒྱག་བྱེད་པ། བོད་གསར་རྙིང་བསྡུར་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་སྣ་ཚོགས་ལ་སྔོན་འགོག་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ་བཅས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ཞི་མཐུན་གྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

    སླར་ཡང་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྣེ་ཁྲིད་བྱེད་དགོས། འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པས་དེ་ཡང་དག་མིན་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཐ་ན་རྒྱལ་ཕམ་གཞི་རྩ་ནས་ཐག་གཅོད་བྱེད་ཀྱི་ཡོད། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱིས་འཕེལ་རྒྱས་གང་འདྲ་ཞིག་གཏོང་བ་དང་འཕེལ་རྒྱས་ཇི་ལྟར་གཏོང་བའི་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བརྒྱབ་ཡོད་པ་དེ་ནི། ང་ཚོས་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ངེས་པར་དུ་སྲུང་བརྩི་ཞུ་དགོས་པའི་རྩ་དོན་ཞིག་རེད། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་གཏོང་བ། ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་གོང་འཕེལ་ལ་སྐུལ་མ་ཤུགས་ཆེན་གཏོང་བ། ཁྲོམ་རའི་གསར་གཏོད་དང་གསོན་ཤུགས་གང་ལེགས་སྤེལ་བ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་མང་ཚོགས་སྔར་བས་མང་བར་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་གཞི་ཚུགས་པ་དང་ས་སྲུང་མཐའ་བརྟན་ཡོང་བར་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་པའི་སྐུལ་མ་གཏོང་དགོས།

    སླར་ཡང་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩའི་ཇུས་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཏེ་སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོ་མཐའ་འཁྱོངས་ཀྱིས་རི་བོ་དང་། ཆུ་བོ། ནགས་ཤིང་། ས་ཞིང་། མཚོ་མཚེའུ། རྩྭ་ཐང་བཅས་རྒྱུད་རིམ་ལྡན་པའི་ངང་སྤྱི་འདོམས་བཅོས་སྐྱོང་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་སྐྲུན་པར་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། སྣོད་བཅུད་ཀྱི་དམར་ཐིག་དང་མཐའ་ཚད་ནན་པོ་སྲུང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་པོ་སྐྲུན་པར་སྐུལ་མ་གཏོང་བ་བཅས་ཀྱིས་འཛམ་གླིང་གི་དག་ཞིང་མཐའ་མ་འདིར་སྲུང་སྐྱོང་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

    སླར་ཡང་འོད་སྟོང་གསར་པ་གཏོད་པར་ངེས་པར་དུ་ཏང་འཛུགས་སྐྱོང་སྔར་བས་བརྟན་པོ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་རེད། ང་ཚོས་ངེས་པར་དུ་བོད་ས་བབ་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དེ་བས་མཐོ་རུ་གཏོང་བ་དང་། བོད་ཀྱི་ཕྱི་རོལ་ཆ་རྐྱེན་དམིགས་བསལ་ཡིན་ཡང་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ། བོད་ལ་གསོ་རླུང་དཀོན་པ་དང་དབུགས་གནོན་དམའ་ཡང་ཕུགས་བསམ་དང་དད་སེམས་བརྟན་པ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་གྱི་ཚད་གཞི་དམའ་མི་རུང་བའི་བསམ་བློ་བརྟན་པོ་འཛུགས་པ། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་ཤུགས་ཆེན་བྱེད་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཏང་འཛུགས་སྐྱོང་སྔར་བས་སྟོབས་ལྡན་ཡོང་བ་བཅས་བྱས་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་གཞི་རྩའི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།