[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧྲི་ཅིན་རུའུ།    |    སྤེལ་དུས།   2019-10-08

    ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན། ཤིང་རྒྱུའི་དགོས་མཁོ་ཉིན་བཞིན་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད། དེའི་རྨང་གཞིའི་ཐོག་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གིས་འབོད་སྐུལ་དང་ལེན་ཞུས་ནས་ནགས་ཚལ་ལ་དགའ་ཞེན་དང་སྲུང་སྐྱོང་བྱེད་པའི་བསམ་བློ་དྲིལ་བསྒྲགས་རྒྱ་ཁྱབ་དང་ནགས་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ནགས་བཟོ་སྔོ་འགྱུར་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་སོགས་ལ་འཕེལ་རིམ་གལ་ཆེན་ཐོན་ཡོད།

    ནགས་བཟོ་སྔོ་འགྱུར་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་ཆེད། ནགས་བཟོ་སྔོ་འགྱུར་གྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་ཡག་པོ་ཞིག་སྐྲུན་པ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། དེར་བརྟེན་ནགས་ལས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཤེས་ལྡན་པ་གསོ་སྐྱོང་ལ་མཐོང་ཆེན་དང་། སྡེ་ཚན་གྱི་ཆེད་ལས་ལས་དོན་པར་ཆེད་ལས་གསོ་སྦྱོང་། ནགས་བཟོ་སྔོ་འགྱུར་གྱི་རྣམ་གྲངས་སྣ་ཚོགས་ལ་བརྟེན་ནས་ལག་ལེན་དངོས་ཀྱི་ཁྲོད་དུ་ཁོ་ཚོའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས།

    ནགས་བཟོའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་ནགས་ལས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་འགོ་འཛུགས་པའི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པར་དམ་པོར་དམིགས་པ། ལས་འགོ་འཛུགས་པར་མཁོ་བའི་ཕྱི་རོལ་གྱི་ཆ་རྐྱེན་འབྲེལ་མཐུད་དང་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། དུས་བཀག་བཞིན་ནགས་ལས་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་གཞི་རྩའི་གོ་རིམ་ལག་ལེན་ནན་པོ་བསྟར་བ་དང་། འབྲེལ་མཐུད་མཐུན་སྦྱོར་ལས་དོན་ཡག་པོ་སྒྲུབ་པ། ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་མ་དངུལ་འཇོག་པའི་ལས་འགན་ལེགས་གྲུབ་བྱེད་དགོས། རྣམ་གྲངས་ལག་བསྟར་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་སྣ་ཚོགས་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས་འབྲེལ་ཡོད་འགྲོ་ལུགས་དུས་ཐོག་ཏུ་གཉེར་བ་དང་རྣམ་གྲངས་ཀྱི་རྗེས་སྙེག་ཞབས་འདེགས་ཡག་པོ་ཞུས་ནས་རྣམ་གྲངས་དུས་ཐོག་ཏུ་དོན་འཁྱོལ་དང་བདེ་བླག་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས།

    སྡོང་ཕྲུག་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པའི་ལས་དོན་ཐད། འབྲེལ་ཡོད་ཚན་པ་ཁག་གིས་ཁྲོམ་ར་སྟོན་ཕྱོགས་སུ་བྱས་ནས་ཤིང་འཛུགས་ལ་འཚམ་པའི་ས་ཆ་བདམས་ཏེ་གཉེར་སྐྱོང་བྱེད་པ་དང་། སྐྱེ་ཚད་མཐོ་བ་དང་དུས་ཐུང་ནང་སྐྱེ་ཐུབ་པའི་ནགས་ཤིང་ཧུར་ཐག་འདེབས་འཛུགས་བྱས་ཏེ། འབྲེལ་ཡོད་ཐོན་ལས་ཀྱི་ཤིང་ཆའི་དགོས་མཁོ་གཞིར་བཟུང་། ཤིང་གང་ཞིག་འཛུགས་དགོས་མིན་ལྟ་དགོས། ནགས་ཤིང་གི་སྡོང་ཕྲུག་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ནགས་ཤིང་གི་སྡོང་ཕྲུག་གི་སྤུས་ཚད་ལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཕ་ཡུལ་གྱི་ཤིང་རིགས་དང་། རྩ་ཆེའི་ཤིང་རིགས། དེ་བཞིན་གཉན་འགོག་རང་བཞིན་ཆེ་བའི་ཤིང་རིགས་འདེབས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ཤིང་སོན་ཡག་པོ་འདེབས་པ་བཅས་བྱས་ཏེ་སྡོང་ཕྲུག་གི་གསོན་ཚད་དང་སྐྱེ་ཚད་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།