[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་སྐུལ་ལྕག་བྱེད་དགོས།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་དགུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-10-08

    སྤྱི་མཐུན་རྒྱལ་ཁབ་ཀྱི་པང་དུ་རང་རེའི་ཏང་གིས་བོད་ཀྱི་མི་དམངས་ལ་འགོ་ཁྲིད་གནང་སྟེ་འོད་སྟོང་འཕྲོ་བའི་དངོས་པོའི་རྒྱུ་ནོར་བཏོད་ཡོད་ལ་བོད་ཀྱི་མི་དམངས་ལ་འགོ་ཁྲིད་གནང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་མཚོན་པའི་རླབས་ཆེན་གྱི་བསམ་པའི་རྒྱུ་ནོར་ཡང་བཏོད་ཡོད། ས་མཐོར་ལས་དོན་བསྒྲུབས་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། “རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་དགོས”“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་རྒྱལ་ཡོངས་མི་དམངས་དང་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་གཏོད་ཀྱི་ཁྲིད་སྟོན་སྟོབས་ཤུགས་སུ་གྱུར་ཡོད། 

    “ག་བན་ད་པར་ག་པ་དང་། དམག་འཐབ་ད་པར་འན་པ། བད་བན་ད་པར་བ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། གས་ས་ད་པར་འལ་བ”བཅས་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ནང་དོན་གཙོ་བོ་རེད། རང་རེའི་ཏང་གིས་དུས་ཡུན་རིང་པོའི་དཀའ་སྤྱད་ཚད་མེད་ཀྱི་གསར་བརྗེའི་ལག་ལེན་ཁྲོད་བཏོད་པའི“ཅིང་ཀང་རི་བོའི་སྙིང་སྟོབས”དང་། “རྒྱང་སྐྱོད་ཀྱི་སྙིང་སྟོབས” “ཡན་ཨན་གྱི་སྙིང་སྟོབས” “ཞི་པོ་ཕོའོ་ཡི་སྙིང་སྟོབས”སོགས་ནི་གཅིག་རྒྱུན་གཅིག་འཛིན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་བོད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྤྱོད་བཟང་བོད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག གུང་ཁྲན་ཏང་མིའི་གསར་བརྗེའི་སྙིང་སྟོབས་བོད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག ཀྲུང་གོའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན་པས་ཚན་རིག་དང་མཐུན་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལྡན་ཡོད། 

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མུ་མཐུད་འབད་འཐབ་བྱ་རྒྱུར་སྐུལ་ལྕག་བྱེད་ཅིང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིའི་སྔོན་འགྱེལ་རྗེས་མཐུད་ལས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་གསོན་ཤུགས་དང་བློ་སེམས་འགུགས་ཤུགས་ཆེན་པོ་མཚོན་པར་བྱས་ཡོད་ལ། ཁོ་ཚོས་ཕུགས་བསམ་འོད་སྣང་ལ་བརྟེན་ནས་འབད་འཐབ་ཀྱི་ལམ་བུ་འཕྲོ་བར་བྱས་པ་དང་དད་མོས་སྟོབས་ཤུགས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་ཡོད།

    ཁུང་ཧྥན་སེན་གྱིས་མི་དམངས་ཀྱི་ཁེ་ཕན་དེ་གངས་ཏེ་སེ་ལས་ལྕི་བ་དང་ཁེ་གྲགས་དོན་གཉེར་གཏན་ནས་མི་བྱེད་པ་དང་། བྱང་རྩྭ་ཐང་གི་ཆི་ཨའེ་ཆུན་དང་ཡར་ཀླུང་གཙང་འགྲམ་གྱི་མུའུ་ཡུས་ཅུན་གྱིས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ཡོད། ལོ་བཅུ་ཕྲག་ཞིང་ནང་དུ་སོན་བཟང་ཁྱབ་གདལ་གཏོང་མཁན་ཡུས་ཏའེ་ལིན་དང་། ལོ་བཅུ་ལྷག་ཙམ་བྱང་རྩྭ་ཐང་ཐོག་ལང་ཚོ་ལེགས་སྐྱེས་ཕུལ་ནས་སློབ་གསོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་མཁན་ཏུའུ་ཨན་ཏུང་དང་ཚའོ་ཤའོ་ཧྭ་བཟའ་ཚོ་གཉིས། ནང་མི་ཚང་མས་མེས་རྒྱལ་གྱི་མཐའ་མཚམས་སྲུང་མཁན་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་བཅས་ཀྱི་སྤྱིར་བཏང་གི་ལས་གནས་བརྟན་སྲུང་བྱས་པ་ལས་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་མཚོན་ཡོད། མི་རབས་ནས་མི་རབས་བར་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་ཚོས་བོད་དུ་གཞི་ཚུགས་པ་དང་། བོད་ལྗོངས་འཛུགས་སྐྲུན། བོད་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་འོད་སྟོང་འཕྲོ་བའི་ལེའུ་བརྩམས་པ་དང་། མེས་རྒྱལ་དང་། ཏང་། མི་དམངས་བཅས་ཀྱི་ཆེད་ལྷག་བསམ་རྣམ་དག་ངང་མུ་མཐུད་ལས་དོན་བསྒྲུབས་པ། ལང་ཚོ་དང་སེམས་ཤུགས་ཆེན་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། ཁོང་ཚོ་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ལག་ལེན་པ་དང་དུས་རབས་ཀྱི་དཔའ་བོ་རེད། 

    དུས་རབས་ལ་འགྱུར་ལྡོག་ཕྱིན་མོད། འོན་ཀྱང་ཐོག་མའི་བསམ་འདུན་དང་འགན་འཁྲིར་འགྱུར་ལྡོག་ཕྱིན་མེད། ག་དུས་ཡིན་རུང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་གི་བརྟེན་ས་དང་བསམ་པའི་ཁྱིམ་གཞིས་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་གསར་གཏོད་ཡར་བརྩོན་ལ་སྐུལ་ལྕག་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་རེད། དུས་རབས་གསར་པར་སླེབས་པས་ང་ཚོས་ངེས་པར་དུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་སྐུལ་ལྕག་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་དཀའ་སྤྱད་བདེ་བར་བརྩི་བ་དང་དཀའ་སྤྱད་གཟི་བརྗིད་ལ་བརྩིས་ཏེ། དཀའ་སྤྱད་འབད་འཐབ་ཀྱི་རྔུལ་ཆུར་བརྟེན་ནས་རླབས་ཆེན་གྱི་བརྗིད་ཆེའི་ལས་འགན་ཧུར་ཐག་སྒྲུབ་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་འབད་འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱས་ཏེ་གསར་གཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བསྐྱར་དར་གྱི་ལམ་བུའི་ཐོག་གི་འགོག་རྐྱེན་མཐའ་དག་སེལ་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཆར་གཞི་མཐར་ཕྱིན་བཀོད་ནས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་བྱ་གཞག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱས་ནས་མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་འགྲིལ་ཏེ་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་དམིགས་ཡུལ་བློ་ལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུས་ཏེ། སྒེར་གྱི་སྟོབས་ཤུགས་དེ་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་ལས་དོན་ནང་མཉམ་འདྲེས་བྱས་ནས་ཀྲུང་ཧྭའི་ཞི་བདེ་དར་རྒྱས་ཀྱི་བརྗིད་ཆེའི་ལེའུ་རྩོམ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།