[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྗོད་དོན་གཙོ་བོའི་སློབ་གསོར་བྱེད་ཐབས་དངོས་སྤྱོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧོང་ཀྲི་ཝུའུ།    |    སྤེལ་དུས།   2019-11-27

    ཉེ་དུས། ལྷ་ས་གྲོང་ཁྱེར་གྱིས་མིག་སྔར་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ནས“ལོ་རྒྱུས་ཤོད་པ་དང་། འགྱུར་ལྡོག་གླེང་བ། ཏང་གི་བཀའ་དྲིན་ལ་བསྟོད་གླུ་ལེན་པ”བཅས་ཀྱི་གྲོང་ཚོའི་ལོ་རྒྱུས་དང་ཁྱིམ་ཚང་གི་ལོ་རྒྱུས་ལ་གྲོས་བསྡུར་ཆེན་པོ་བྱེད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། མི་སེམས་འགུལ་བའི་ཁྱིམ་ཚང་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་སྔོག་འདོན་ཐུབ་པ་དང་ཁྱིམ་ཚང་ཆུང་ངུའི་འགྱུར་ལྡོག་ལས་ཁྱིམ་ཚང་ཆེ་མོའི་འཕེལ་རྒྱས་མངོན་པར་བརྟེན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་རྩ་བའི་དམིགས་ཡུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལ་སློབ་གསོ་ཐེབས་པ། འཕེལ་རྒྱས་ལ་སྤུས་ཚད་ལྡན་པ། མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བཅས་ཀྱི་ཆེད་དུ་ཡིན་པས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས་ལྟེ་བའི་ལས་དོན་དང་དེ་བཞིན་ཏང་ནང་ཁུལ་གྱི་བྱེད་སྒོ་སྣ་ཚོགས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་མིག་སྔའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཉེན་ཁ་ཚབས་ཆེན་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས། གྲོང་གསེབ་དར་རྒྱས། གྲོང་གསེབ་འཛུགས་སྐྲུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཀྱི་ལས་དོན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་གྱི་གཞི་རྟེན་དུ་བྱེད་པ་དང་འབྲེལ། ལས་ཀའི་གྲུབ་འབྲས་ཀྱི་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།