[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བྱ་ཐབས་གསར་གཏོད་ཀྱིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་དབང་མོ།    |    སྤེལ་དུས།   2019-12-06

    སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་གནས་བབ་དང་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་ཡང་སྔར་བས་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། རིམ་པ་ཁག་གིས་ཏང་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་བརྒྱུད། “གསར་གཉིས”རྩ་འཛུགས་ནང་ལས་ཀ་བྱེད་པའི་ཏང་ཡོན་མང་ཆེ་བ་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་དང་། དོ་དམ། ཞབས་ཞུ་བཅས་ནང་འཇུག་གང་ཐུབ་བྱས་ཡོད། འོན་ཀྱང“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་ང་ཚོའི་ལས་ཀར་ད་དུང་ཡང་ཧེ་བག་དང་མི་འདང་བའི་ཆ་མང་པོ་ལྡན་ཡོད། དེར་བརྟེན་སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས་ཚེ། ངེས་པར་དུ“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སྟངས་གསར་གཏོད་ལ་མཐོང་ཆེན་བྱེད་དགོས།

    གཅིག་ནས་ལས་ཀ་སྒྲུབ་སྟངས་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས། “གསར་གཉིས”རྩ་འཛུགས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ལས་དོན་སྤེལ་བའི་ཐབས་ལམ་དང་བྱ་ཐབས་ཚང་མ་རྟག་ཏུ་སློབ་སྦྱོང་བྱེད་དུ་འཇུག་པ་དང་ལས་བཟོར་འཚམས་འདྲི་བྱེད་པ་སོགས་སྲོལ་རྒྱུན་གྱི་བྱ་ཐབས་ཁོ་ན་སྤྱོད་པ་ལས། ཡུལ་བབ་དང་བསྟུན་པ་དང་དུས་བསྟུན་འཕེལ་རྒྱས་བཏང་སྟེ་མང་ཚོཌ་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་བྱེད་སྒོ་སྤེལ་དགོས།

    གཉིས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་གཉེར་བྱེད་སྒོར་དམིགས་ནས“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་དང་གཉེར་སྐྱོང་དོ་དམ་ཐད་མཉམ་འགུལ་འབྲེལ་གཏུགས་ཀྱི་ལམ་སྲོལ་བཙུགས་ཏེ། དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་སྤེལ་རེས་མཐུན་སྦྱོར་བྱེད་པ་དང་། དུས་ཚོད་གཏན་འཁེལ་ནང་དོན་དག་གལ་ཆེན་ལ་གྲོས་མོལ་བྱེད་དགོས།

    གསུམ་ནས་ང་ཚོས་ད་དུང་ལས་བཟོ་མང་ཚོགས་དབར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱས་ནས་བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་དགོས། མི་སེམས་གཅིག་སྒྲིལ་དང་། སྤྲོ་སེམས་འཕེལ་བ། འགལ་ཟླ་སེལ་བ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཐུན་མོང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་རྩ་དོན་དང་རྩ་འཛུགས་འཕེལ་རྒྱས་ཀྱི་དམིགས་ཚད་དེ་ལས་བཟོའི་ཁེ་ཕན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྦྱིན་བདག་དང་ལས་བཟོའི་དབར་སྦྲེལ་ཟམ་བཙུགས་ཏེ་སྤེལ་རེས་མང་ཙམ་བྱས་ནས་མཐུན་ཐབས་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།