[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རིམ་ཏང་ཡོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ཞིང་། གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། སྨྱུག་འཛིན་པས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་་སྔར་བས་སྲ་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བར་གཞི་རིམ་ཏང་ཡོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཞི་རིམ་ཏང་ཡོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཐོག་མའི་བསམ་འདུན་བརྟན་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་ཚང་མའི་ངོས་ནས་བརྗོད་ན། ཏང་གཤིས་ཞུན་བརྡར་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ནམ་ཡང་ཚར་དུས་མེད་ལ“ངེས་པར་དུ་སྦྱོང་དགོས་པའི་་མི་ཚེའི་སློབ་ཚན”ཞིག་རེད། གུང་ཁྲན་ཏང་ཡོན་ཞིག་ལ་མཚོན་ན་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཐོག་མའི་བསམ་འདུན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཚེ་གཞི་ནས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་གི་འདུ་ཤེས་བརྟན་པོར་འཛུགས་ཐུབ།

    གཞི་རིམ་ཏང་ཡོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་བཏང་ནས་སེམས་པ་མང་ཚོགས་ལ་ཕྱོགས་པ་དང་ལུས་པོ་གཞི་རིམ་དུ་ཚུགས་ཐུབ་པ་བྱེད་དགོས། དུས་ཡུན་རིང་པོར་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་གཞི་རིམ་ཏང་ཡོན་ཞིག་ལ་མཚོན་ན། ལུས་སེམས་གཞི་རིམ་དུ་ཚུགས་ཐུབ་ཚེ་གཞི་ནས་མང་ཚོགས་ཀྱི་དཀའ་ངལ་དང་དགོས་མཁོ་ཁོང་དུ་ཡང་དག་པར་ཆུད་ཐུབ་པ་དང་། དཀའ་ངལ་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་དེ་ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་ཐུབ་ལ། མི་དམངས་མང་ཚོཌ་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཐུབ།

    གཞི་རིམ་ཏང་ཡོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་ཕོད་པར་བྱེད་དགོས། གཞི་རིམ་གྱི་ལས་དོན་པ་ཞིག་ལ་མཚོན་ན། མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་བློ་ལ་བརྟན་པོར་ངེས་དགོས་ཤིང་། ཆུང་ལ་རྙོག་འཛིང་ཆེ་བའི་ལས་དོན་གང་རུང་ཡིན་ཡང་། ལས་དོན་ཚང་མ་ཞིབ་ཚགས་སྒོས་སྒྲུབ་དགོས་པ་དང་། གོ་རིམ་ཚང་མ་ལག་བསྟར་ནན་པོ་བྱས་ཁར། དཀའ་ངལ་ལ་མ་འཛེམས་པར་སྣེ་ཁྲིད་དཔེ་སྟོན་བྱེད་དགོས་པ་དང་། གསར་འབྱེད་ཀྱི་སྙིང་སྟོབས་ཐོག་ནས་དཀའ་སྡུག་ལ་མི་སྐྲག་པར་མང་ཚོགས་ཀྱི་རེ་འབོད་དང་དགོས་མཁོ་ལེགས་པར་སྐོང་བའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།