[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྗེས་མའི་ལོ་10དེ་བས་ལེགས་པ་ཡོང་ངེས་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   མཱ་ཞའོ་ཡན།    |    སྤེལ་དུས།   2020-01-11

    ཉིན་ཤས་གོང་། ལོ་གསར་པ་འཆར་བའི་ཅོང་སྒྲ་གྲགས་པ་དང་བསྟུན་ནས། གངས་ལྗོངས་ས་མཐོས་2019ལོ་ཕར་ལ་བསྐྱལ་ཞིང་། 2020ལོའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཁ་ཕྱེ་ཡོད་ལ། དུས་རབས་21པའི་ལོ་10ཚན་གསུམ་པའི་འགོ་ཡང་བརྩམས་ཡོད།

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་དུས་ཚོད་གལ་ཆེན་ཞིག་རེད། རླབས་ཆེན་གྱི་དུས་རབས་ཀྱིས་ང་ཚོར་གཟི་བརྗིད་ལྡན་པའི་འགན་འཁྲི་དཀྲིས་ཡོད་པས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ང་ཚོས་འབད་འཐབ་ལྷོད་མེད་བྱེད་དགོས། ལོ་གསར་པའི་ནང་། ང་ཚོས་མུ་མཐུད་འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞན་ཆ་གསབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་ནང་སྐྱེས་སྒུལ་ཤུཌ་འཕེལ་བར་བྱེད་པ། དམངས་འཚོ་འགན་ལེན་དང་ལེཌ་སུ་རྒྱུན་མཐུད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤྱི་ཚོགས་ཀྱི་ས་ཁོངས་གནས་བབ་འཐུས་སྒོ་ཚང་དུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་རྒྱུན་མཐུད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྣོད་བཅུད་སྲུང་ཡོལ་གཏོད་པ། སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་བརྟན་པོར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

    ལོ་གསར་པའི་ནང་། ལོ་རྙིང་པ་ལས་ལྷག་པའི་གྲུབ་འབྲས་ཐོབ་པར་སྨོན། རྗེས་མའི་ལོ་བཅུའི་ནང་། བོད་ལྗོངས་དེ་བས་ལེགས་སུ་འགྲོ་ངེས་རེད་ལ། ང་ཚོའི་འཚོ་བའང་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།