[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྷ་ས། རིམ་བཞིན་རྒྱ་ཆེར་འགྲོ་བའི་གྲོང་ཁྱེར་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    631731_yis_1560312905916_s.jpg

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ཤར་སྣུར་ནུབ་སྐྱེད་བྱང་བརྒལ་དང་། གྲོང་ཁྱེར་གཅིག་དང་ངོགས་གཉིས་ཁུལ་གསུམ”གྱི་འཐབ་ཇུས་གཞིར་བཟུང་། གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བས། གྲོང་ཁུལ་གྱི་རྒྱ་ཁྱོན་ཆེ་རུ་ཇེ་མགྱོགས་ཕྱིན་ནས “ལྟེ་བ་གཅིག་དང་ཟུར་གཉིས་དང་། ལྷོ་བྱང་སྦྲེལ་མཐུད། རྫོང་ལྔ་དང་ཆུས་ལྔར་སྐུལ་ཁྲིད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ལ་ཁྱབ་འགྱེད”ཀྱི་འཕེལ་རྒྱས་རྣམ་པ་གྲུབ་ཡོད། རང་སྐྱོང་ལྗོངས་ཐིག་ལེན་རིས་འབྲི་ཁང་གི་རྒྱལ་བབ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2000ལོ་ནས་2018ལོ་བར་ཁོ་ནར་ལྷ་སའི་གྲོང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་39ནས་སྟོང་སྨི་ངོས་གྲུ་80ལྷག་ཙམ་བར་རྒྱ་ཆེར་ཕྱིན་ནས་རྒྱ་ཆེར་འགྲོ་ཚད་105%ཟིན་ཡོད། ལྷ་ས་གྲོང་ཁྱེར་རིམ་བཞིན་རྒྱ་ཇེ་ཆེ་དང་རྣམ་པ་ཇེ་མཛེས་སུ་ཕྱིན་ཞིང་། འདི་ནི་ལྷ་སའི་སྣེའུ་ཁུལ་གསར་གྱི་ཟུར་ཞིག་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།