[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ​ ཧ་སག་རིགས་ཀྱི་སྐྱས་སྤོས་འབྲོག་པའི་འཚོ་བ་མྱོང་རོལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཤིན་ཅང་གི་ས་ཆ་མང་ཆེ་བར་དབྱར་དུས་སུ་འབྲོག་རར་ཕྱུགས་འཚོ་ཆོག་པ་དང་སྦྲགས། ཨ་ལེ་ཐའེ་ས་ཁུལ་གྱི་ཧ་སག་རིགས་ཀྱི་འབྲོག་པས་སྐྱས་སྤོ་བའི་དུས་ཚིགས་སླར་ཡང་བསུས་ཡོད། ཁོང་ཚོས་ནོར་ལུག་རྩྭ་ཆུ་བཟང་བའི་ཨ་ལེ་ཐའེ་རི་ཁྲོད་ཀྱི་འབྲོག་རར་སྤོས་པས་སྐོར་སྐྱོད་ཀྱི་ཡུལ་ལྗོངས་ཤིག་གྲུབ་ཡོད།

    སྐྱས་སྤོ་སྐབས་འབྲོག་པ་ཚོས་བུ་ཕྲུག་དང་གཉེན་ཉེ་ཁྲིད་པ་དང་ཕྱུགས་ཟོག་འདེད་ནས་དལ་གྱིས་བསྐྱོད་ཀྱི་ཡོད། རྔ་མོང་དང་རྟ་ལ་བརྒྱབ་སྐུར་གྱིས་གང་དུ་འབྱོར་ཚེ་མཚན་མོ་དེ་གར་ཞག་སྡོད་བྱེད་ཀྱི་ཡོད། ད་ཆ་སྲོལ་རྒྱུན་གྱི་སྐྱས་སྤོ་བ་དང་མི་འདྲ་བར་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས། འབྲོག་པ་ཁག་གཅིག་གིས་རླངས་འཁོར་གླས་ནས་ཁྱིམ་གྱི་ཅ་དངོས་ཆེ་གྲས་དམིགས་སར་དབོར་གྱི་ཡོད། སྐྱས་སྤོ་སྐབས་བཟའ་བཅའ་དང་སྟབས་བདེའི་ཕྱིང་གུར་འཁྱེར་ན་འགྲིག་གི་ཡོད།

    འདི་ནི་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་ཕུའུ་ཧའེ་རྫོང་འབྲོག་ཁུལ་དུ་འབྲོག་པས་རི་འདེབས་སུ་ལུག་འཚོ་བཞིན་པ།

    འདི་ནི་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་ཕུའུ་ཧའེ་རྫོང་གི་འབྲོག་ཁུལ་དུ་རྩྭ་ཟ་བཞིན་པའི་ཕྱུགས་རིགས་ཡིན་པ།

    འདི་ནི་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་ཕུའུ་ཧའེ་རྫོང་དུ་འབྲོག་པས་སྐྱེལ་འདྲེན་རླངས་འཁོར་སྒུག་བཞིན་པ།

    འདི་ནི་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་ཕུའུ་ཧའེ་རྫོང་གི་འབྲོག་ཁུལ་དུ་འབྲོག་པས་ཕྱིང་གུར་གྱི་མཛེས་རྒྱན་བཟོ་བཞིན་པ།

    འདི་ནི་འབྲོག་པས་ནོར་ལུག་དབྱར་དུས་ཀྱི་འབྲོག་རར་སྤོས་རྗེས་ལུག་གི་བལ་བྲེག་བཞིན་པ།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།