[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྱད་ལྡན་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    642146_yis_1563167054312_s.jpg

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། ཡུལ་བབ་ཀྱི་ལེགས་ཆ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཚོའི་མཉམ་སྡེབ་དང་ཉང་ཆུ་ཡུལ་སྐོར་ཀུང་སིས་མཉམ་ལས་བྱས་ཏེ་རིག་གནས་ཐང་ཆེན་དང་དམངས་སྲོལ་ཁྱིམ་ཚང་ལ་བརྟེན་ནས་ཁྱད་ལྡན་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་མངོན་པར་བྱས་པ་རེད། ཀུང་སིས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་5བགོ་བ་དང་། དུད་ཚང་27གྱི་མང་ཚོགས་དང་གྲོས་མཐུན་ཡི་གེ་བཞག་སྟེ། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་པར། དུད་ཚང་རེར་ཟླ་རེར་ཁེ་སྤོགས་སྒོར་3500རག་གི་ཡོད། འདི་ནི་ཡུལ་སྐོར་བས་ཤེལ་དཀར་གྲོང་ཚོ་ནས་ཡུལ་སྐོར་གྱི་ཐོན་རྫས་ཉོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།