[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གྲོང་གསེབ་ནས་གྲགས་པའི་དགོད་སྒྲ

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    644188_yis_1563686018279_s.jpg

    པར་①ནི་ཚུའེ་ཚུའེ་ཤང་གི་འདྲ་པར་ཡིན།

    པར་②③ནི་ཚུའེ་ཚུའེ་ཤང་གིས་འདྲུད་འཐེན་འཕྲུལ་འཁོར་ཕྱིད་བཞིན་པ།

    པར་④⑤⑥ནི་ཚུའེ་ཚུའེ་ཤང་གིས་ཞིང་ནང་དུ་ལས་ལ་བྲེལ་བཞིན་པ།

    ཧྲན་ཤིས་ཀྱི་ཤར་ལྷོའི་མཚམས་སུ་གནས་པའི་ཁྲང་ཀྲི་གྲོང་ཁྱེར་ནི་ཐའེ་ཧང་རི་བོ་དང་ཐའེ་གཡོད་རི་བོས་བསྐོར་བའི་དབུས་སུ་གནས་ཡོད། རི་ཚོགས་དང་གཡང་གཟར་ལས་གྲོང་ཚོ་མང་པོའི་རང་བྱུང་ཆ་རྐྱེན་ཞན་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་ཡོད་པས་དབུལ་སྒྲོལ་ཕྱུག་འགྱུར་ནི་རི་གྲོང་དུ་གནས་པའི་མི་རྣམས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བསམ་འདུན་རེད།

    ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རེ་རེ་བཞིན་རི་གྲོང་དུ་རྒྱག་འགོ་ཚུགས། སྲིད་གཞུང་གིས་དབུལ་སྒྲོལ་ལམ་བུ་ནུས་ཤུགས་ཡོད་རྒུས་འཚོལ་བ་དང་དུས་མཚུངས། གྲོང་གསེབ་ཀྱི་མི་སེར་ཚོས་ཡུལ་བབ་དང་བསྟུན་པ་དང་རང་ཉིད་ཀྱི་ལག་གཉིས་དང་བློ་གྲོས་ལ་བརྟེན་ཏེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དེ་དབུལ་སྒྲོལ་གྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

    གསར་འགོད་པས་ཐའེ་ཧང་རི་བོ་དང་ཐའེ་གཡོད་རི་བོའི་ལམ་རྒྱུད་ཀྱི་མི་སེར་ལ་བཅར་འདྲི་བྱས་ནས། ལོ་70ལ་སླེབས་པའི་རྒན་རྒོན་མང་པོའི་འཚོ་བ་བཀོད་ཡོད། སྤྱི་མཐུན་རྒྱལ་ཁབ་དང་ལོ་ན་མཉམ་པའི་མི་དེ་དག་གིས་གྲོང་གསེབ་ཀྱི་འཕོ་འགྱུར་ཆེན་པོ་དངོས་སུ་བརྒྱུད་མྱོང་བ་མ་ཟད། ཁྲང་ཀྲི་རི་གྲོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་འདུ་འགོད་ལ་རིམ་པས་སྐུལ་འདེད་བཏང་བར་དཔང་པོའང་བྱས་ཡོད།

    ཚུའེ་ཚུའེ་ཤང་། བུད་མེད། 1949ལོར་སྐྱེས། ཧྲན་ཤིས་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་ཝུའུ་ཤང་རྫོང་ཕོ་ཏི་གྲོང་ཚོ་ནས་ཡིན། 2014ལོར་ཁོ་མོ་ནད་གཞིས་རྐྱེན་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག་ཡོད། 2018ལོར་དུད་ཚང་རེར་རྣམ་གྲངས་རེའི་ཁ་གསབ་རོགས་སྐྱོར་གྱི་མ་དངུལ་རག་ནས་ཚུའེ་ཚུའེ་ཤང་གིས་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་ཏེ་དཔྱིད་རྨོས་དང་སྟོན་བསྡུའི་ཞིང་ལས་ཐོན་སྐྱེད་ལ་སྤྱད་ཡོད། འདྲུད་འཐེན་འཕྲུལ་འཁོར་ལ་བརྟེན་ནས་ས་ཞིང་མང་ཞིང་ལས་མི་ཉུང་བའི་དཀའ་ངལ་བསལ་བ་དང་། ཚུའེ་ཚུའེ་ཤང་གིས་འབྲས་མུའུ་17དང་། མ་རྨོས་ལོ་ཏོག་མུའུ་1 སྡོང་རིང་ཁྲེ་རྒོད་མུའུ་2བཅས་བཏབ་ཡོད། རང་ཁྱིམ་གྱི་ཞིང་ལས་ཚར་རྗེས་ཁོ་མོས་འདྲུད་འཐེན་འཕྲུལ་འཁོར་ཡུལ་མི་གཞན་ལ་བོགས་མར་གཏོང་གི་ཡོད། 2018ལོར་ཁོ་མོར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།