[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྐྱིད་པའི་ལྷ་ས། དགའ་བའི་ཞོ་སྟོན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་ཟླ་9ཚེས་5ཉིན་མཇུག་འགྲིལ་བ་དང་། ཉིན་བདུན་གྱི་ཞོ་སྟོན་ངལ་གསོའི་རིང་ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་གངས་ལྗོངས་ས་མཐོའི་ཆེས་མཛེས་པའི་དུས་ཚིགས་ལ་སྤྲོ་སྣང་ཆེན་པོས་གླིང་ཁ་གཏོང་བ་དང་། ལྷ་མོར་ལྟ་བ། ཞོ་ཡི་བྲོ་བ་མྱོང་བ་བཅས་བྱས་པ་རེད།

    ཟླ་8ཚེས་30ཉིན་ནས་ཟླ་9ཚེས་5ཉིན་བར་ལྷ་སའི་གྲོང་མི་ཚོས་ནང་མི་དང་མཉམ་དུ་གླིང་ཁ་གཏོང་བར་བསྐྱོད་པ་དང་། མང་ཚོགས་མང་པོ་ཞིག་ཞོགས་པ་སྔ་པོ་ནས་སྐད་གྲགས་ཆེ་བའི་སྤྲོ་གསེང་མཛེས་ལྗོངས་ཁུལ་ནོར་བུ་གླིང་ཁ་དང་། རྫོང་རྒྱབ་ཀླུ་ཁང་སོགས་སུ་བསྐྱོད་ནས་གུར་ཕུབ་སྟེ་གླིང་ཁ་གཏོང་བ་དང་ལྷ་མོར་བལྟས་ནས་ས་མ་རུབ་བར་དགའ་སྤྲོའི་དཔལ་ལ་རོལ་བ་རེད།

    འདི་ནི་ལྷ་མོ་ལྟ་མཁན་མི་ཚོགས་ཀྱི་རྒྱབ་ཏུ་བྱིས་པ་གཉིས་སྣང་བ་སྐྱིད་པོས་རྩེད་མོར་རོལ་བཞིན་པ།

    འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་འཁོར་ཆགས་ལྷ་མོ་ཚོགས་པས་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁར《ཆོས་རྒྱལ་ནོར་བཟང》འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།