[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མང་ཚོགས་ཀྱི་དུས་ཆེན། ལུས་རྩལ་གྱི་འདུ་ཚོགས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    658318_yis_1567744962282.jpg

    ཐག་འཐེན་འགྲན་བསྡུར།

    ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཤིང་། སྟོན་ཟླ་དང་པོར་གཞིས་རྩེ་གྲོང་ཁྱེར་ལུས་རྩལ་ཐང་དུ་སེམས་འགུལ་ཐེབས་ཤིང་ངར་ཤ་སྐྱེ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རྒྱལ་དར་རུ་ཁག་དང་། ཚོགས་རྟགས་རུ་ཁག དར་དམར་རུ་ཁག རྫོང་དང་ཆུས་ཁག་གི་ཞིང་འབྲོག་པའི་ལུས་རྩལ་འཐུས་མི་རུ་ཁག་བཅས་རེ་རེ་བཞིན་འཛུལ་ཡོང་བ་དང་། རྣམ་པར་བཀྲ་བའི་མི་རིགས་ཀྱི་གྱོན་ཆས་དང་། དགའ་སྤྲོ་འཁོལ་བའི་ངང་འགྲན་རར་འཛུལ་བའི་ཞབས་བྲོ། སྐད་གསང་མཐོ་བའི་འབོད་སྒྲ་བཅས་ལས་ལྟད་མོ་བ་ཚོ་དུས་ཆེན་གྱི་དགའ་སྤྲོའི་དཔལ་གྱིས་རབ་ཏུ་མྱོས།

    658324_yis_1567744964302.jpg

    ཤོ་རྩེད་འགྲན་བསྡུར།

    ཉིན་གསུམ་རིང་། གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བའི་འགོ་འཛུགས་མཛད་སྒོ་ཡིན་ནའང་འདྲ། ཡང་ན་ཛ་དྲག་ཆེ་བའི་འགྲན་བསྡུར་ཡིན་ནའང་འདྲ། གང་ལྟར་ཚང་མར་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་ཉམས་འགྱུར་མངོན་པ་དང་། ཤན་འབྱེད་པ་ཚོས་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་གཞུང་དྲང་ཤན་འབྱེད་བྱས་ཏེ་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁག་གི་གྲུབ་འབྲས་གཞུང་དྲང་དང་གནད་འཁེལ་ཡོང་བའི་འགན་ལེན་བྱས་པ། རྩལ་ཁྲིད་པ་ཚོས་རུ་ཁག་འཛུགས་པ་ནས་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱེད་པའི་བར་དང་། འགྲན་བསྡུར་གྱི་གྲ་སྒྲིག་བྱེད་པ་ནས་འགྲན་བསྡུར་ལ་ཞུགས་པའི་བར་ཚན་རིག་དང་མཐུན་ལ་གཟབ་ཅིང་ནན་པའི་སྒོ་ནས་འགོ་འཛུགས་ས་དམའ་པོ་ཡིན་ནའང་རེ་བ་མཐོ་པོ་ཞིག་བཏོན་ཏེ་ལུས་རྩལ་པ་ཡོངས་རྫོགས་དུས་ཐུང་ནང་ཡར་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་། རུ་སྣེ་འཁྲིད་མཁན་གྱིས་ཧུར་ཐག་འབད་ཐག་དང་ངལ་བ་དང་འཁང་ར་གཉིས་བཟོད་བྱས་པས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཞི་མཐུན་བདེ་བླག་ཡོང་བའི་འགན་ལེན་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།