[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མི་དམངས་ཀྱི་དགེ་རྒན་རྣམ་པར་གུས་འདུད་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    659447_yis_1568084361592_s.jpg

    1958ལོར། ཀྲེ་ཅང་ཞིང་ཆེན་ལུང་ཆོན་རྫོང་ཨན་ཤ་གྲོང་ཚོའི(ད་ལྟའི་ལུང་ཆོན་གྲོང་ཁྱེར་ལུང་ནན་ཤང་ཧྥེང་དབྱང་གྲོང་ཚོ)མི་རིགས་སློབ་གྲྭའི་དགེ་རྒན་ལི་ཀྲའོ་ཏིས་ཕྲུ་གུ་སྒལ་པར་ཁུར་ནས་ཞིང་པ་གཞོན་ནུར་ཡི་གེ་སློབ་བཞིན་པ།

    659444_yis_1568084360562_s.jpg

    2019ལོའི་ཟླ་5ཚེས་28ཉིན། ཀོང་ཤིས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཝང་ཐུང་ཤང་ཤིན་ཧོ་གྲོང་ཚོ་ཏཱ་ཡིའུ་སློབ་ཁྲིད་ས་ཚིགས་སུ་དགེ་རྒན་ཀྲོའུ་ཧུང་ཅུན་གྱིས་སློབ་མ་ཞིག་པང་དུ་བཏབ་ནས་ནག་པང་ཐོག་རྩིས་གཞི་སློབ་བཞིན་པ།

    659443_yis_1568084360272_s.jpg

    2019ལོའི་ཟླ་1ཚེས་3ཉིན། ཅང་ཤིས་ཞིང་ཆེན་ཡིང་ཐན་གྲོང་ཁྱེར་ཡུས་ཅང་ཆུས་ཁྲུན་ཐའོ་གྲོང་རྡལ་ཧོང་ཉི་སློབ་ཆུང་དུ་ལོ་44ལ་སླེབས་པའི་སློབ་སྤྱི་ཀྲང་ཀྲན་ལེང(མདུན་གྱི་གཡས)དང་སློབ་མ་ཚོ་མཉམ་དུ་མེ་གཏོང་བཞིན་ཡོད་པ་དང་། ཀྲང་ཀྲན་ལེང་གིས་ཟླ་རེར་རང་དངུལ་བཏང་ནས་ཚལ་ཉོས་ཏེ་ཕྲུ་གུ་ཚོར་འོས་འགན་ཟས་སྣོན་བཟོ་ཡི་ཡོད་པས་ཕྲུ་གུ་ཚོས་ཁོང་ལ“མ་བྱན་པཱ་ལགས”ཞེས་འབོད་ཀྱི་ཡོད།

    659446_yis_1568084361242_s.jpg

    2019ལོའི་ཟླ་9ཚེས་7ཉིན། སྔོན་ཆད་རི་གྲོང་གི་དགེ་རྒན་བྱེད་མྱོང་བའི་ཐང་ཧྲང་ཅུན(ལོ་92)གྱིས་ཧུའུ་ནན་དབྱི་དབྱང་གྲོང་ཁྱེར་ཨན་ཧྭ་རྫོང་ཁུའེ་ཤི་གྲོང་རྡལ་ཝུའུ་ཧན་གྲོང་ཚོའི་རང་ཁྱིམ་དུ“ཟུར་ཁྲིད་འཛིན་གྲྭ”བཙུགས་ཏེ་ཕྲུ་གུ་ཚོར་སྦྱོང་ཚན་ཟུར་ཁྲིད་བྱེད་བཞིན་པ།

    659445_yis_1568084360862_s.jpg

    2019ལོའི་ཟླ་9ཚེས་9ཉིན། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་སློབ་ཆུང་ཉི་ཤུ་རྩ་གསུམ་པའི་སློབ་མས་རང་ཉིད་ཀྱིས་བཟོས་པའི་རྟེན་འབྲེལ་ཤོག་བྱང་དགེ་རྒན་ལ་འབུལ་བཞིན་པ།

    “ས་སྨྱུག་དང་བཤད་སྟེགས་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ཞིང་། ལྷག་བསམ་གྱི་སེམས་པ་དང་མུན་སེལ་གྱི་སྒྲོན་མེས་མི་དམངས་ཀྱི་བླ་སྲོག་བཏོད”

    དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྒྱུན་འཛིན་པ་ཞིག་ཡིན་པས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད།

    འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ཞིང་། ལོ་ངོ་70རིང་མི་དམངས་ཀྱི་དགེ་རྒན་ཚོས་མེས་རྒྱལ་གྱི་ས་གནས་ཁག་ཏུ་ཤེས་བྱ་དང་། བསམ་བློ། བདེན་དོན་བཅས་ཁྱབ་སྤེལ་བཏང་སྟེ་བླ་སྲོག་དང་། ཚེ་སྲོག མི་གསར་བཅས་སྐྱོང་བའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད།

    དགེ་རྒན་དུས་ཆེན་ཐེངས་35མཚམས་སུ་མི་དམངས་ཀྱི་དགེ་རྒན་རྣམ་པར་གུས་འདུད་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།