[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་། ལྷོ་པའི་མངོན་མིན་རིག་གནས་རྒྱུན་འཛིན་གྱིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    1204gt2 (2).jpg

    འདི་ནི་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་བསླས་འཐག་ཞིང་པའི་མཉམ་ལས་ཁང་དུ་བུད་མེད་ཚོས་ཐགས་འཐག་བཞིན་པ།

    ལྷོ་པའི་བསླས་འཐག་ནི་ལྷོ་པ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་ལག་རྩལ་ཞིག་ཡིན་པ་དང་། 2008ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད། ལྷོ་པའི་བསླས་འཐག་ལག་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པ་དང་། ལྷོ་པ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཁྱབ་གདལ་རྒྱ་ཆེར་གཏོང་ཆེད། ཡུལ་སྐོར་ཁྲོམ་ར་གསར་གཏོད་བྱས་པ་དང་ཆབས་ཅིག བུད་མེད་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཤིང་། 2015ལོར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་བསླས་འཐག་ཞིང་པའི་མཉམ་ལས་ཁང་བཙུགས་ནས་བསླས་འཐག་ལག་རྩལ་འགྲེམས་སྟོན་དང་། ཐོན་སྐྱེད། རྒྱུད་ཁྲིད་བཅས་གཞི་གཅིག་ཏུ་བསྡུས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།