[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-13

    ཚེས་11ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བོད་སྐྱོར་སྣེ་ཁྲིད་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་གི་བོད་སྐྱོར་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་འབྲེལ་མཐུད་གནས་ཚུལ་ལ་ཉན་པ་དང་། 《ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་ཞིབ་འཇུག་གྲོས་བསྡུར་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་དམ་འཛིན་གྱིས་ཐོན་ལས་དངོས་སྒྲུབ་མཉམ་ལས་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་པ་ནང་འདྲེན་གྱི་གསོ་སྦྱོང་ལམ་སྲོལ། ཕྱོགས་གཉིས་མཉམ་ལས་ཀྱི་ལས་སྟེགས་སྐྲུན་པ། ས་ཞིང་དང་རྩྭ་ར་བརྒྱུད་བཤུག་ལས་སྟེགས་སྐྲུན་པ། འབྲེལ་མཐུད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་ཀའི་གཙོ་གནད་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་སྙན་ཞུ་འབུལ་རྒྱུར་དམ་འཛིན་དང་། འབྲེལ་མཐུད་བྱ་རྒྱུར་དམ་འཛིན། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།