[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ས་མཐོར་བཅངས་པའི་ལྷད་མེད་བརྩེ་སེམས།

    —— ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སྣང་རྫོང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པའི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-09

    “ཁྱེད་ནི་ས་མཐོའི་མི་ཞིག་རེད། ཞིང་ར་དང་འབྲོག་ར་ཡངས་པོ་གོམ་པས་གཞལ། ང་ཡི་ལག་ནས་འཇུས་ཏེ་མདུན་དུ་སྐྱོད། གནོང་འགྱོད་མེད་པར་ལེགས་སྐྱེས་འབུལ་བ་དེ། བོད་རིགས་མི་དམངས་ཕྱུག་འགྱུར་བདེ་སྐྱིད་ཡོང་བའི་ཆེད། ཡ་ལཱ་སོ། ང་ཡི་སྤུན་ཟླ་བོད་སྐྱོར་ལས་བྱེད་པ”

    མི་སེམས་འགུལ་བའི་གླུ་གཞས《ང་ཡི་སྤུན་ཟླ་བོད་སྐྱོར་ལས་བྱེད་པ》ཞེས་པའི་གཞས་ཚིག་ལས་ས་མཐོའི་བུ་ཕྲུག་གིས་བོད་སྐྱོར་ལས་བྱེད་པར་བཅངས་པའི་ལྷད་མེད་བརྩེ་སེམས་མཚོན་པ་མ་ཟད། བོད་སྐྱོར་ལས་བྱེད་པ་མང་པོའི་ནམ་རྒྱུན་གྱི་འཚོ་བའང་མཚོན་པར་བྱས་ཡོད།

    བསམ་ཕྱོགས་གསལ་པོ་བཟོས་ནས་ནུས་པ་གནད་ལ་འཕིགས་པ་འདོན།

    བོད་སྐྱོར་རྣམ་གྲངས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། ལས་དོན་ཚོགས་ཆུང་སྣང་རྫོང་དུ་བཅའ་སྡོད་བྱས་རྗེས། ས་མཐོའི་དཀའ་ཚེགས་ཆེ་བའི་ལས་དོན་དང་འཚོ་བའི་ཆ་རྐྱེན་ཁྱད་བསད་བྱས་ཏེ་ལས་འགན་གསར་པ་མགྱོགས་མྱུར་དང་དུ་བླངས་པ་རེད། ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལིའུ་ཁན་ཧྥང་གིས《ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བོད་ལྗོངས་ཉིང་ཁྲིའི་“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད》ནང་གཏན་ལ་འཁེལ་བའི་བོད་སྐྱོར་རྣམ་གྲངས་15ལ་རེ་རེ་བཞིན་་བཞུགས་མོལ་བྱས་ཏེ་ཤེས་རྟོགས་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་པ་དང་འབྲེལ། “2018ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་ཏུང་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི”བླང་བྱ་དང་གནད་སྨིན་དབུལ་སྐྱོར་གྱི་དམིགས་ཚད་ལ་གཞིཌ་ནས་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་བསམ་འཆར་གང་ལེགས་ཉན་པའི་རྨང་གཞིའི་ཐོག་རྣམ་གྲངས་ཁག་གཅིག་ལ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་པར་བརྟེན་བོད་སྐྱོར་རྣམ་གྲངས་ཀོང་ཏུང་ཞིང་ཆེན་གྱི་དམིགས་ཚད་ལས་འགན་དང་སྣང་རྫོང་གི་དོན་དངོས་དགོས་མཁོ་དང་དེ་བས་འཚམ་ཐུབ་པ་བྱུང་ཡོད།

    སློབ་གསོའི་བོད་སྐྱོར་ལ་བཀྲག་མདངས་འཚེར་བ།

    སྣང་རྫོང་དུ་བཅའ་སྡོད་བྱས་ཚུན་བོད་སྐྱོར་དགེ་རྒན་ཚོགས་པ་རང་རང་སོ་སོའི་ལས་གནས་སུ་བསྐྱོད་དེ་ཀོང་ཏུང་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ལག་རྩལ་གྱི་ལེགས་ཆ་བཅས་གང་ལེགས་སྤྱད་པ་དང་རུ་ཁག་དབར་མཉམ་ལས་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། སློབ་གསོ་སློབ་ཁྲིད་དོ་དམ་སོགས་ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས་སློབ་གསོའི་བོད་སྐྱོར་བྱེད་ཐབས་གསར་གཏོད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སློབ་གསོའི་བོད་སྐྱོར་ལས་དོན་ཁག་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།

    ཆ་སྒྲིག་རོགས་རམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཞིང་། ལས་དོན་ཚོགས་ཆུང་གིས་ཧུའེ་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཆ་སྒྲིག་རོགས་རམ་གྱི་ལས་དོན་གཏིང་ཟབ་སྤེལ་བ་སྟེ། ཧུའེ་ཀྲོའུ་གྲོང་ཁྱེར་གྱི་སྤུས་ལེགས་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)11དང་སྣང་རྫོང་གི་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)9ཡི་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་སློབ་གསོའི་བོད་སྐྱོར་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།

    ཕྱོགས་ཡོངས་ནས་དང་བླངས་སློབ་སྐྱོར་གྱི་བྱེད་སྒོ་སྤེལ་ཞིང་། ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་ཐོབ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། དགེ་རྒན་སྣང་རྫོང་དུ་སློབ་སྐྱོར་བྱེད་པར་བསྐྱོད་རྒྱུའི་ཡིག་ཆ་བཏོན་པར་བརྟེན་འབྲེལ་ཡོད་སློབ་གྲྭ་ཁག་གིས་དང་ལེན་ཧུར་ཐག་ཞུས་ཏེ་བྱང་ཚད་མཐོ་བ་དང་འཇོན་ཐང་ལྡན་པའི་རྐང་འཛིན་དགེ་རྒན་ཁག་གཅིག་བདམས་ནས་སྣང་རྫོང་གི་སློབ་གྲྭ་ཁག་ཏུ་སློབ་སྐྱོར་བྱེད་སྒོ་སྤེལ་བར་བཏང་བ་རེད། འདི་ལོ་ནས་བཟུང་ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་དབྱང་ཆུས་ཏན་ཧྲུའེ་སློབ་ཆུང་དྲུག་པའི་ཧོང་ཅན་ཕིང་སོགས་དགེ་རྒན་ལྔས་སྣང་རྫོང་གྲོང་རྡལ་སློབ་ཆུང་དང་ལྡེ་མོ་ཤང་སློབ་ཆུང་སོགས་སུ་སློབ་སྐྱོར་བྱེད་སྒོ་སྤེལ་བར་བརྟེན་སྣང་རྫོང་གི་དགེ་སློབ་ཚོའི་དགའ་བསུ་ཐོབ་ཡོད་པ་རེད།

    སྨན་བཅོས་བོད་སྐྱོར་ལ་ཕན་འབྲས་རགས་ཙམ་ཐོན་པ།

    དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཡོང་མི་ཐུབ། ཧུའེ་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་སྨན་བཅོས་བོད་སྐྱོར་ལས་དོན་ལ་མཐོང་ཆེན་བྱེད་ཅིང་། ཁོང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སྣང་རྫོང་གི་སྨན་བཅོས་ཁྱབ་ཁོངས་སུ“རིམ་གསུམ་དོ་དམ་མ་ལག་འཛུགས་པ་དང་སྨན་བཅོས་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ”སོགས་ཀྱི་སྲིད་འཛིན་དོ་དམ་དང་ནང་ཁུལ་གྱི་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་གདལ་བཏང་བར་བརྟེན། ཞབས་ཞུའི་ལྟེ་གནས་ཀྱི་ནང་ཁུལ་གྱི་དོ་དམ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ནད་ལྟ་བ་དང་སྨན་བཅོས་ཀྱི་ལས་ཕྱོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་སྟོབས་ཤུགས་ཞན་པ་དང་ལེ་ལག་སྒྲིག་ཆས་དཀོན་པའི་དཀའ་ངལ་ལ་དམིགས་ཏེ་ལས་དོན་ཚོགས་ཆུང་གིས་ཧུའེ་ཀྲོའུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་གྲོང་ཁྱེར་དེའི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་བརྒྱད་ལས་གྲུབ་པའི་ཧུའེ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་པོ་དེ་བཙུགས་ཏེ་འདི་ལོའི་ཟླ་བ་བཞི་པར་སྣང་རྫོང་དུ་བཏང་བ་རེད། སྨན་བཅོས་རུ་ཁག་སྣང་རྫོང་དུ་འབྱོར་རྗེས་འཕྲལ་མར“ཁ་པ་རིམ་པ་གཉིས་པ་གཏོད་པའི”ལས་དོན་སྤེལ་བར་བརྟེན་སྣང་རྫོང་གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་ལེགས་སུ་ཕྱིན་ཡོད། སྨན་བཅོས་རུ་ཁག་གིས་ད་དུང་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ས་བབ་མཐོ་བའི་འབྲོག་རར་མང་ཚོགས་ལ་ནད་ལྟ་བ་དང་། སྨན་སྐྱེལ་བ། སྨན་བཅོས་ལ་བསྐྱོད་པར་བརྟེན་ས་གནས་ཀྱི་འགོ་ཁྲིད་དང་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།