[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

    ​ ལི་ཅིན་ཚའོ་དང་ཆེ་དགྲ་ལྷས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-11

    ཚེས་8ཉིན་རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་པ་རེད། ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་བྱས་པ་དང་འབྲེལ་དུས་སྐབས་གསར་པའི་ཡུལ་སྐོར་བོད་སྐྱོར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རྒྱལ་ཁབ་ཡུལ་སྐོར་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ལི་ཅིན་ཚའོ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྒྱལ་ཁབ་ཡུལ་སྐོར་ཅུས་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ལི་ཧྲི་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་། རྡོ་རྗེ་ཚེ་སྒྲུབ། ཚེ་དབང་སྟོབས་རྒྱལ་བཅས་ཚོགས་འདུར་ཕེབས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རང་ལྗོངས་ཀྱི་ལྷ་ཀླུ་འདམ་རར་རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོའི་རྟགས་བྱང་སྤྲད་པ་དང་། བྲག་གསུམ་མཚོ་དང་བཀྲས་ལྷུན་དགོན་ལ་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྟགས་བྱང་སྤྲད་པ་རེད།

    ལི་ཅིན་ཚའོ་ཡིས་རྒྱལ་ཡོངས་ཡུལ་སྐོར་ཁོངས་གཏོགས་ཀྱིས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་མཛད་ཕྱོགས་སྲིད་ཇུས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལག་བསྟར་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གཏན་འབེབས་བྱས་པའི《ཡུལ་སྐོར་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱབ་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《ཡུལ་སྐོར་བོད་སྐྱོར་ལས་དོན་གྱི་བྱ་སྤྱོད་ཇུས་གཞིར》གཞིགས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འདུ་ཤེས་ལ་བརྟེན་ནས་བོད་སྐྱོར་ལས་དོན་ལེགས་པར་སྒྲུབ་དགོས། རྒྱབ་སྐྱོར་སྲིད་ཇུས་ཁག་གཅིག་བཏོན་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། རྒྱབ་སྐྱོར་རྣམ་གྲངས་ཁག་གཅིག་བཏོན་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པ། ཁྲོམ་རར་ཁྱབ་གདལ་བྱེད་སྒོ་ཁག་གཅིག་སྤེལ་ནས་ཡུལ་སྐོར་བའི་ཡོང་ཁུངས་ཀྱི་བོད་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་པ། ཁྱད་ལྡན་ཡུལ་སྐོར་གྱི་སྤུས་དག་ཁག་གཅིག་སྐྱེད་སྲིང་བྱས་ནས་ཡུལ་སྐོར་ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཤེས་ལྡན་མི་སྣའི་རྒྱབ་སྐྱོར་གྱི་བྱ་ཐབས་ཁག་གཅིག་ལག་ལེན་བསྟར་ནས“ཡུལ་སྐོར་བོད་སྐྱོར་གྱི་ཁྲི་སྟོང་བརྒྱ་བཅུའི་གསོ་སྦྱོང་འདུ་འགོད”ལག་ལེན་བསྟར་དགོས་པ། ཁེ་ལས་ཀྱི་རྒྱབ་སྐྱོར་ཆ་སྒྲིག་ཁག་གཅིག་བཏོན་ནས་ནང་སའི་ཁེ་ལས་དང་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས་པ། བློ་རིག་རོགས་སྐྱོར་མངོན་གསལ་དོད་པོ་ཡོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བཟུང་ནས་ཡུལ་སྐོར་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་བཞིན་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱིས་ཚབ་ཞུས་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་དང་དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཡུལ་སྐོར་སྡེ་ཚན་དང་ཡུལ་སྐོར་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་ཡུལ་སྐོར་ཐོན་ལས་དེ་རང་ལྗོངས་ཀྱི་མིང་དོན་མཚུངས་པའི་ཀ་རྟེན་ཐོན་ལས་དང་དམངས་ཕྱུག་བོད་དར་གྱི་སྣེ་འདྲེན་ཁེ་ལས་ཤིག་ཏུ་གྱུར་ཡོད། རང་ལྗོངས་ཀྱིས་ཕུན་སུམ་ཚོགས་པའི་འཛམ་གླིང་རིམ་པའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ལ་མུ་མཐུད་གཞིགས་ནས“རྒྱུད་གཅིག་ལམ་གཅིག”དང“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་གོ་སྐབས་དམ་བཟུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། གཞན་སྒྱུར་རིམ་སྤོར་དང་སྤུས་མཐོ་ནུས་ཆེ་གཙོ་རྐང་དུ་བྱེད་པ། “འཛམ་གླིང་གི་སྣེ་གསུམ་པ”གཏོད་རྒྱུ་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་སྐྱོར་སྣེ་ཤན་པ། གྲགས་ཅན་ཁེ་ལས་བཅས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། ཚོགས་འདུའི་ཐོག་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་བོད་སྐྱོར་སྣེ་ཤན་པར་གཟེངས་བསྟོད་བྱས་པ། ཡུལ་སྐོར་བོད་སྐྱོར་གྱི་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།