[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བཀག་རྒྱ་བཏོར་ནས་ལམ་བུ་གསར་པ་བཏོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐོར་གྱི་རགས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-03

    བྱིས་པའི་གློ་ཡུའི་ཡན་ལག་ལྟ་ཤེལ་སྨན་བཅོས་ལྟེ་གནས་དང་། ནད་ལྕིའི་གསོ་རིག་ཚན་ཁག ཟུངས་ཁྲག་གཙང་གསིང་ལྟེ་གནས་སོགས་ཚན་ཁག་བཙུགས་པ་བརྒྱུད་ཚན་རིག་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་།

    ཆེད་དོན་འཆད་ཁྲིད་ཐེངས་90བྱས་པ་དང་། གཤགས་བཅོས་དམར་ཁྲིད་ཐེངས་152བྱས་པ། ངོས་འཛིན་དཀའ་བའི་ནད་རིགས་སྐོར་གྱི་གྲོས་བསྡུར་ཐེངས་14བྱས་པ།

    2016ལོར་སྒོ་བསྟེན་སྨན་བཅོས་བྱས་གྲངས་མི་ཐེངས་ཁྲི་14.8ཟིན་པ་དག་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་མ་བྱས་གོང་གི་2014ལོ་དང་བསྡུར་ན་53.5%འཕར་བ་ལ་སོགས།

    གཞི་གྲངས་དང་དམིགས་ཚད་མང་དག་ཅིག་ལས་ལོ་གཉིས་ལྷག་ཙམ་རིང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་འཕེལ་རྒྱས་དང་འབད་འབུངས་མདུན་སྐྱོད་ཀྱི་འཕེལ་རིམ་མཚོན་གྱི་ཡོད།

    2015ལོའི་ཟླ་8པ་ནས་བཟུང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་དོ་དམ་པས་འགན་འཁྲི་སེམས་སུ་བརྟན་པོར་ངེས་པ་དང་། སེམས་ནུས་ཡོད་རྒུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནང་རྐྱེན་གསལ་རྟོགས་བྱེད་པ། རོགས་སྐྱོར་འཆར་གཞི་ཁག་དོན་འཁྱོལ་ལ་སྐུལ་འདེད་གང་ནུས་གཏོང་བ་བཅས་ཀྱི་བྱས་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

    “ཀུན་འདུས་ཚན་ཁག་འཐུས་ཚང་དུ་གཏོང་བ་དང་ཆེད་སྦྱོང་ཚན་ཁག་སྟོབས་ཆེར་གཏོང་བའི”འདུ་ཤེས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལེགས་ཆ་ཕན་གསབ་དང་ཐབས་སྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྤྱད་དེ་སྨན་ཁང་གིས་ཚན་ཁག་འགན་གཙང་བླངས་ནས་སྤུས་རྟགས་ཚན་ཁག་བཏོད་ཡོད་པ་རེད།

    པེ་ཅིང་མཛའ་གྲོགས་སྨན་ཁང་གིས་སྣེ་འདྲེན་ཚན་པར་བྱེད་པ་དང་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་མོ་ནད་བུ་བཙའི་སྨན་ཁང་དང་རྒྱལ་སའི་བྱིས་ནད་ཚན་ཁག་སྨན་ཁང་གི་ཞོར་གཏོགས་བྱིས་པའི་སྨན་ཁང་གིས་ཚན་ཁག་འགན་གཙང་བླངས་ཏེ་འགན་གཙང་བླངས་པའི་ཚན་ཁག་དང་ཁང་གི་འཐབ་ཇུས་འཆར་འགོད་བྱེད་པ་དང་། ལག་རྩལ་འཕེལ་རྒྱས་གཏོང་བ། རོགས་ཁྲིད་རྣམ་པའི་ཐོག་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། དེ་བཞིན་རྒྱང་ཁྲིད་སྨན་བཅོས་ཞབས་འདེགས་ཞུ་བ་སོགས་ཐད་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་དགོས་པའི་གཏན་འཁེལ་གསལ་པོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།