[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲེང་དབྱང་གི་བོད་སྐྱོར་ལས་བྱེད་པས་ཨ་མདོའི་མང་ཚོགས་ལ་དོན་དངོས་བསྒྲུབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ཉེ་ཆར་ཨ་མདོ་རྫོང་གི་ཧྲེང་དབྱང་གི་བོད་སྐྱོར་ལས་བྱེད་པ་ཝང་ཅན་སོགས་ཀྱིས་ཧྲེང་དབྱང་མི་དམངས་ཀྱིས་ཞལ་འདེབས་ཕུལ་བའི་དངུལ་སྨར་སྒོར་ཁྲི་20ཙམ་ཨ་མདོ་རྫོང་སེའུ་ཤང་གི་འབྲོག་པར་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེང་དབྱང་གི་བོད་སྐྱོར་ལས་བྱེད་པས་དེ་གོང་ཨ་མདོ་རྫོང་གི་མང་ཚོགས་ལ་དེ་དང་འདྲ་བའི་དྲོ་སྐྱིད་ཐེངས་མང་སྟེར་མྱོང་ཡོད་ཅིང་། འདི་ལོའི་ལོ་སྟོད་དུ་ཧྲེང་དབྱང་གི་བོད་སྐྱོར་ལས་བྱེད་པས་བརྟག་ཞིབ་དང་འཚམས་འདྲི་བྱེད་རིང་ཨ་མདོ་རྫོང་སེའུ་ཤང་གི་མང་ཚོགས་ལ་ཉེན་ཡོད་ཁང་པ་8བཟོ་བཅོས་བྱེད་རོགས་བྱས་པའི་ཁྲོད་ཁང་པ་7ཉེན་ཁ་ཧ་ཅང་ཆེ་བའི་ཁང་པའི་གྲས་ཡིན་པས། བོད་སྐྱོར་ལས་བྱེད་པས་བརྟག་ཞིབ་བྱས་ཚུལ་ཧྲེང་དབྱང་གྲོང་ཁྱེར་བོད་སྐྱོར་གཞུང་ལས་ཁང་ལ་སྙན་སེང་ཞུས་པ་དང་གནས་ཚུལ་སྙན་སེང་འབྱོར་རྗེས་ཧྲེང་དབྱང་གྲོང་ཁྱེར་ལེའོ་ཀྲུང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་19.46གྲབས་གསོག་བྱས་ནས་དེ་དག་སེའུ་ཤང་གི་དུད་ཚང་དབུལ་པོའི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཐད་སྤྱད་ནས་ཡུལ་དེའི་མང་ཚོགས་ལ་དོན་དངོས་བསྒྲུབས་པས་མང་ཚོགས་ཀྱི་བསྔགས་བརྗོད་མཐའ་གཅིག་ཏུ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།