[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    ནན་ཅིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་སྨན་བཅོས་བོད་སྐྱོར་དེ་བོད་སྐྱོར་གྱི་གཙོ་གནད་ལས་དོན་གྱི་གྲས་སུ་བརྩིས་ནས་འཕྲོད་བསྟེན་གྱི་རྣམ་གྲངས་གཙོ་བོ་དང་། རིགས་གཅིག་མཁས་ཅན་གྱི་བོད་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད། “རང་བརྟེན་ནུས་པ”ཆེ་རུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྨན་བཅོས་ཀྱི་ཆ་རྐྱེན་དང་སྨན་བཅོས་ལག་རྩལ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གོ་སྐབས་སུ་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་སེམས་ཁུར་དང་རོགས་རམ་འོག མལ་གྲོང་གུང་དཀར་རྫོང་གི་འཕྲོད་བརྟེན་ཁོངས་གཏོགས་ཀྱི་འཕྲོད་བསྟེན་གྱི་རྣམ་གྲངས་གཙོ་བོ་ཁག་གཅིག་ལག་བསྟར་ནུས་ལྡན་ཐུབ་ནས་མང་ཚོགས་ཐག་ཉེ་ས་ནས་ནད་གཞི་ཡག་པོ་བལྟ་རྒྱུར་སྟབས་བདེ་བསྐྲུན་ཡོད། ལས་སྒོའི་འཆད་ཁྲིད་དང་གཤགས་བཅོས་ལག་རྩལ་དམར་ཁྲིད་སོགས་ཀྱི་སྣེ་ཁྲིད་བྱེད་སྟངས་བརྒྱུད། རྫོང་དེའི་སྨན་དོན་མི་སྣར་སློབ་ཁྲིད་བྱས་པ་དང་སྔ་རྗེས་སུ་རྒྱུ་ལྷག་གི་གཉན་ཚད་དང་མཁྲིས་རྡོ་སོགས་ཀྱི་གཤགས་བཅོས་བྱས་པ་དང་འབྲེལ། ཆ་འཕྲིན་ཅན་འཛུགས་སྐྱོང་འཆར་འགོད་བྱེད་རོགས་བྱས་ཏེ“ཅང་སུའུ་དང་ལྷ་སའི”རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་རྣམ་གྲངས་འཛུགས་རྒྱུར་རམ་འདེགས་བྱས་པས། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཚན་ཁག་འཛུགས་སྐྱོང་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས“རང་བརྟེན་ནུས་པ”སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།