[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སློབ་གསོའི་བོད་སྐྱོར་སྡོང་པོར་གཡུར་ཟའི་འབྲས་བུ་བཏགས།

    སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    620987_yis_1557477513114_s.jpg

    2016ལོའི་ཟླ་10པར། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་མ་ཏན་གྱི་གྲོས་འགོའི་འོག ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ངར་སློང་ལུས་རྩལ་རུ་ཁག་དངོས་སུ་བཙུགས་པ་དང་། 2018ལོའི་ཟླ་7པར། ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་ངར་སློང་ལུས་རྩལ་རུ་ཁག་རྒྱལ་ཡོངས་ཀྱི་ངར་སློང་ལུས་རྩལ་གྱི་མཉམ་འབྲེལ་མཐའ་བསྡུར་ལ་ཞུགས་ནས་བྱིས་པའི་ཡོངས་བསྒྲགས་ཚོགས་ཆུང་ཀ་པའི་ངར་སློང་ལུས་རྩལ་གྱི་རང་འདེམས་ལུས་རྩལ་གྱི་ཨང་དང་པོ་དང་བྱིས་པའི་ཡོངས་བསྒྲགས་ཚོགས་ཆུང་ཀ་པའི་མཉམ་སྡེབ་ཁྲོམ་གཞུང་ཞབས་བྲོའི་ཨང་གཉིས་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་ངར་སློང་ལུས་རྩལ་རུ་ཁག་གིས་བྱ་དགའ་བླངས་རྗེས་མཉམ་དུ་པར་རྒྱག་བཞིན་པ།

    2016ལོར་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་སྐྱོར་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། རོགས་སྐྱོར་དང་ལེན་སློབ་གྲྭའི་དོ་དམ་ཆུ་ཚད་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བས། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལེགས་ཆ་དང་ཕན་ནུས་རིམ་བཞིན་མངོན་ཡོད་པ་རེད།

    2018ལོའི་ཟླ་8པའི་ཟླ་མཇུག་བར། ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་30ཡིས་སྔ་རྗེས་སུ་བོད་སྐྱོར་དགེ་རྒན་མི་ཐེངས་1276བོད་དུ་སློབ་སྐྱོར་བྱེད་པར་མངགས་པ་དང་། མིག་སྔར་ལས་ཐོག་དགེ་རྒན་785ཡོད་པ་རེད།

    2017ལོའི་ཟླ་8པར། ལོ་33ལ་སླེབས་པའི་ཀུའོ་ཕུང་ལ་པེ་ཅིང་མོན་ཐོའུ་ཀའུ་ཆུས་སློབ་གསོ་ཨུ་ལྷན་གྱིས་བཀོད་སྒྲིག་བྱས་པའི་སློབ་གསོའི་བོད་སྐྱོར་ལས་འགན་འབྱོར་རྗེས་རྒྱལ་ས་པེ་ཅིང་ནས་གངས་ལྗོངས་ས་མཐོར་ཡོང་སྟེ་དུས་ཡུན་ལོ་གཉིས་ཀྱི་བོད་སྐྱོར་འཚོ་བ་སྐྱེལ་འགོ་ཚུགས།

    བོད་དུ་ལས་ཀ་བྱེད་རིང་བོད་སྐྱོར་དགེ་རྒན་700ལྷག་ཙམ་གྱིས་ཀུའོ་ཕུང་དང་འདྲ་བར་ཉལ་ཁང་དང་སློབ་གྲྭའི་དབར་ཕར་འགྲོ་ཚུར་འོང་བྱེད་ཅིང་། ཁོང་ཚོས་ལས་ལ་བརྩོན་པའི་སྦྲང་ནོར་བུ་ལྟར་ཞིམ་མངར་སྦྲང་རྩིར་བརྟེན་ནས་ས་གནས་འདི་གའི་གཅེས་པར་འོས་པའི་ཕྲུ་གུ་ཚོ་གསོ་སྐྱོང་བྱེད་བཞིན་ཡོད་པ་རེད།

    སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ།

    བོད་སྐྱོར་རུ་ཁག་ཚང་མས་ནང་སའི་སློབ་གྲྭའི་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་རོགས་སྐྱོར་དང་ལེན་སློབ་གྲྭའི་དོ་དམ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་རོགས་སྐྱོར་དང་ལེན་སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་གིས་སློབ་གྲྭའི་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ཁྱབ་གདལ་བཏང་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ནང་སའི་ལོ་རིམ་ཁག་གི་དོ་དམ་བྱེད་ཐབས་སྤྱད་དེ་སློབ་གསོའི་སློབ་ཁྲིད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་གིས་བྲག་ཡིབ་ཆུས་སློབ་འབྲིང་དུ་ལམ་ལུགས་ཅན་དང་། སྤུས་ལེགས་ཅན། ཞིབ་ཚགས་ཅན། སྣ་མང་ཅན། བྱམས་བརྩེ་ཅན། ནུས་ཆེ་ཅན་བཅས“ཅན་དྲུག”གི་དོ་དམ་བྱེད་ཐབས་བཏོད་དེ་སློབ་གྲྭའི་དོ་དམ་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་གིས་རོགས་སྐྱོར་དང་ལེན་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་དང་། སློབ་ཁྲིད། ཚན་ཞིབ། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་དོ་དམ་ལམ་ལུགས་ཁག་28འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭའི་དོ་དམ་ལམ་ལུགས་མ་ལག་སྔར་བས་ལེགས་སུ་བཏང་བ། སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཁོངས་གཏོགས་སློབ་གྲྭའི་བོད་སྐྱོར་རུ་ཁག་གིས་ཉིང་ཁྲིའི་མཐོ་རིམ་སློབ་འབྲིང་གཉིས་པར“ལོ་རིམ་སོ་སོའི་ཀྲུའུ་རེན་གྱི་འགན་འཁྲིའི་ལམ་ལུགས”ཀྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། དོ་དམ་གྱི་རིམ་པ་ཉུང་དུ་ཕྱིན་པ་དང་། དོ་དམ་གྱི་འགྲོ་གྲོན་དམའ་རུ་ཕྱིན་པ། སློབ་གྲྭའི་སྲིད་འཛིན་དོ་དམ་གྱི་ལས་ཕྱོད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    “བརྒྱུད་རོགས་ཁྲིད”གསུམ་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ།

    བོད་སྐྱོར་དགེ་རྒན་ཚོགས་པ་དང་རོགས་སྐྱོར་དང་ལེན་སློབ་གྲྭས་དགེ་རྒན་དང་སློབ་མ་ཆ་སྒྲིག་དང་། གསར་རྙིང་ཆ་སྒྲིག སློབ་ཁྲིད་ཆ་སྒྲིག ཆེད་ལས་ཆ་སྒྲིག རིག་ཚན་རོགས་སྐྱོར་སོགས་ཀྱི་ལས་དོན་རྒྱ་ཁྱབ་སྤེལ་ནས་དགེ་རྒན་དང་སློབ་མའི་འབྲེལ་བ་དང་ཕན་ཚུན་རོགས་རམ་དང་སློབ་སྦྱོང་གི་ཆ་སྒྲིག་འབྲེལ་བ་ཁག་944བཙུགས་ཡོད། དེའི་རྨང་གཞིའི་ཐོག བོད་སྐྱོར་དགེ་རྒན་གྱིས“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཡུལ་དེའི་དགེ་རྒན་དང་ཐུན་མོང་ཐོག་སློབ་ཚན་གྲ་སྒྲིག་བྱེད་པ་དང་། ཐུན་མོང་ཐོག་སློབ་ཁྲིད་ཞིབ་འཇུག་བྱེད་པ། ཐུན་མོང་ཐོག་སློབ་ཁྲིད་འཆར་གཞི་བཟོ་བ་བཅས་བྱས་ཏེ་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སྤེལ་རེས་བྱེད་སྟངས་སྦ་གསང་མེད་པར་རོགས་སྐྱོར་དང་ལེན་སློབ་གྲྭའི་དགེ་རྒན་ལ་བརྒྱུད་སྤྲོད་བྱས་ཏེ་ཡུལ་དེའི་དགེ་རྒན་མགྱོགས་མྱུར་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    ཆབ་མདོ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་སློབ་གྲྭ་ཁག་གིས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་གི་སྣེ་ཁྲིད་པ”སོགས་ཀྱི་བྱེད་སྟངས་བརྒྱུད“གཅིག་ཁྲིད་གཅིག”དང“གཅིག་ཁྲིད་མང་པོའི”སློབ་སྐྱོར་བྱེད་སྒོ་ཧུར་ཐག་སྤེལ་ནས་ཆུ་ཚད་མཐོ་བ་དང་། རིམ་པ་མང་བ། སྒྲིག་གཞི་ཚང་བ་བཅས་ཀྱི་ཡུལ་དེའི་སློབ་གསོའི་ཤེས་ལྡན་མི་སྣའི་རྐང་འཛིན་པའི་དཔུང་ཁག་ཧུར་ཐག་བཏོད་ཡོད། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་གིས་བོད་སྐྱོར་དགེ་རྒན་གྱི་རོགས་སྐྱོར་འདུ་འགོད་ལག་བསྟར་བྱས་ནས་བོད་སྐྱོར་དགེ་རྒན་ཚང་མས་སློབ་གྲྭའི་དགེ་རྒན་གཉིས་རེ་དང་རོགས་སྐྱོར་ཆ་སྒྲིག་གི་འབྲེལ་བ་བཙུགས་ཏེ་ཕྱོགས་ཡོངས་ནས་མཛུབ་ཁྲིད་བྱས་ཡོད།

    སློབ་གསོའི་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེ་ནི་བོད་སྐྱོར་དགེ་རྒན་གྱིས་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཕུལ་བ་ལས་བྱུང་བ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།