[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷོ་ཁའི་དྲིལ་བསྒྲགས་པ་ཡག་པོ་བྱེད་པ།

    ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ཀོའོ་ཧྲི་ཆིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-14

    ཀོའོ་ཧྲི་ཆིན་ནི་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་དང་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཡིན་ཞིང་། 2016ལོའི་ཟླ་7པར་ཧུའུ་ནན་ཞིང་ཆེན་གྱི་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཡིན་པའི་ཁོང་བོད་ལྗོངས་ལྷོ་ཁར་ལས་ཀ་བྱེད་པར་མངགས།

    ཀོའོ་ཧྲི་ཆིན་གྱིས་དུས་ཡུན་ཐུང་ཤོས་ནང་ལྷོ་ཁར་རྒྱུས་ལོན་བྱ་ཆེད། ཕྱོགས་གཅིག་ནས་ལྷོ་ཁའི་ལོ་རྒྱུས་ས་ཁམས་དང་། དམངས་སྲོལ་རིག་གནས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ལ་ཞིབ་འཇུག་ནན་ཏན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལས་རོགས་ཚོར་སློབ་སྦྱོང་དང་བཀའ་འདྲི་ཞུས་ཏེ་གོ་སྐབས་སྣ་ཚོགས་སྤྱད་ནས་རྒྱུས་མངའ་ལོན་ཚད་ཟབ་ཏུ་བཏང་བས། གང་མགྱོགས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་ཁྱིམ་ཚང་ཆེ་མོར་འདྲིས་པ་རེད།

    བོད་སྐྱོར་ལོ་3བྱེད་རིང་། ཀོའོ་ཧྲི་ཆིན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་མང་འཚོགས་པ་དང་། རྫོང(ཆུས)12ཀྱི་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་གྲོང་ཁྱེར་ཐད་གཏོགས་གཙོ་གནད་སྡེ་ཚན་དང་ཚན་པ་བཅས་ཀྱི་གསར་འགྱུར་མགྲིན་ཚབ་པ་གཏན་འཁེལ་དང་ཐོ་འགོད་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་གསོ་སྦྱོང་ཡང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། རྫོང་6གི་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་པོའི་བཅར་འདྲི་བྱ་ཡུལ་ལ་བརྟག་ཞིབ་དང་དཔྱད་ཡིག་ཞིབ་བཤེར་ཐོ་བཀོད་ལེགས་སྒྲུབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ཀྱི་ལྷོ་ཁའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས(བསྡོམས་མ་དངུལ་སྒོར་ཁྲི་2704བཏང་བ)ཀྱི་སྒྲིག་འཛུགས་མཐུན་སྦྱོར་ལས་དོན་ནན་ཏན་བསྒྲུབས་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཕྱི་སྐད་འཕྲིན་ལམ་གྱི་བཅར་འདྲི་ཚོགས་པ་དང་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་ཚོགས་པས་ལྷོ་ཁར་བཅར་འདྲི་པར་རྒྱག་ལས་དོན་སྤེལ་བར་གཞོགས་འདེགས་ཡག་པོ་བྱས་པ། ཀྲུང་གོ་གསར་འགྱུར་ཁང་དང་མཉམ་ལས་བྱས་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་དངོས་མཚོན་པར་གཞི《ཁེ་གསུམ་གྱི་མི་ཁྱིམ》པར་ལེན་བྱས་པ། ཧུའུ་ནན་བརྙན་འཕྲིན་ལས་ཁུངས་ཀྱི《མི་སེར་གྱི་དཔའ་བོའི》ལེ་ཚན་བཟོ་སྒྲིག་ཚོགས་པས་ལྷོ་ཁར《གོང་དཀར་གྱི་མི་བཟང》དང《“སྒྲོལ་དཀར”དང་ཁོང་གི་ཧུའུ་ནན་གྱི་གྲོགས་མོ》ཕབ་སྒྲིག་བྱེད་པར་འབྲེལ་གཏུག་མཐུན་སྦྱོར་བྱས་པ། ཧུའུ་ནན་བརྙན་འཕྲིན་འཕྲིན་ལམ་དུ་ལྷོ་ཁའི་གནམ་གཤིས་སྔོན་བརྡ་སྟོན་པར་མཐུན་སྦྱོར་བྱས་པ། ཧུའུ་ནན་ཉིན་རེའི་ཚགས་པར་དང་ཧུའུ་ནན་བརྙན་འཕྲིན་སོགས་ཧུའུ་ནན་ཞིང་ཆེན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་བོད་དུ་གཅིག་སྡུད་བཅར་འདྲི་བྱེད་པར་མཐུན་སྦྱོར་སྒྲིག་འཛུགས་བྱས་པ། རང་སྐྱོང་ལྗོངས་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་ལ་གཞོགས་འདེགས་ཧུར་ཐག་གིས་བོད་ཀྱི་ཕྱི་ཕྱོགས་ཆེད་བསྒྲིགས་ལ་གསར་འགྱུར་མཁོ་འདོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་དཔེ་ཚོཌ་ལྷོ་ཁའི་ལེའུ་ལ་དཔྱད་གཞི་མཁོ་འདོན་བྱས་པ། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་འཕྱོངས་རྒྱས་དང་སྣ་དཀར་རྩེ་སོགས་རྫོང་གི་ཡུལ་སྐོར་དྲིལ་བསྒྲགས་པར་གཞིར་ཞིབ་དཔྱད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།