[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་རྣམ་གྲངས་ཁག་202ལ་མིང་རྟགས་བཀོད་པར།

    སྔོན་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་215བཏང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

    ▲ མིག་སྔའི་བར། རྣམ་གྲངས་ཁག་25དོན་འཁྱོལ་བྱུང་བར་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་ཡོད།

    ▲ འདི་ལོ་བོད་རང་སྐྱོང་ལྗོངས་ཀྱིས་ལོ་འདིའི་ནང་དབུལ་པོ་དབུལ་རྐྱང་ཡོངས་སུ་སེལ་བའི་བརྩོན་ལེན་བྱས་ཏེ་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་19ཡི་དབུལ་ཞྭ་འཕུད་རྒྱུ་ཡིན་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལས་ཡུལ་དངོས་སུ་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་ཟབ་ཏུ་གཏོང་བའི་དབུལ་སྐྱོར་ལས་དོན་ཚོགས་འདུ་བོད་ལྗོངས་ཉིང་ཁྲིར་འཚོགས་པ་རེད། བོད་སྐྱོར་རྣམ་གྲངས་ཁག་202ལ་ལས་ཡུལ་དངོས་སུ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པར་སྔོན་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་215གཏོང་རྒྱུ་ཡིན་པ་རེད། མིང་རྟགས་བཀོད་པའི་རྣམ་གྲངས་ཀྱི་གྲངས་འབོར་དང་མ་དངུལ་གྱི་གཞི་ཁྱོན་གཉིས་ཀ་ཤུགས་ཆེན་འཕར་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་བླང་བྱར་གཞིགས་ན། 2018ལོ་ནས་2020ལོའི་རིང་ཀྲུང་དབྱང་གིས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གནས་ཡུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལས་ཡུལ་དངོས་སུ་སྐུལ་སྤེལ་ཚོགས་འདུ་ཐེངས་རེ་འཚོག་དགོས་པ་ཁ་གསལ་བཏོན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་2016ལོ་ནས་བཟུང་ཚོགས་འདུ་འདི་རིགས་ཚོགས་པ་དང་2017ལོ་ནས་བཟུང་ལོ་ལྟར་གྱི་ཚོགས་འདུའི་ཐོག་བོད་སྐྱོར་རྣམ་གྲངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་གཉེར་གྱི་ཡོད། མིག་སྔའི་བར། རྣམ་གྲངས་ཁག་25དོན་འཁྱོལ་བྱུང་བར། དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རྣམ་གྲངས་ལ་མིང་རྟགས་འགོད་མཁན་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་17དང་། ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་16 ཆེད་མངགས་མིང་རྟགས་འགོད་པར་གདན་དྲངས་པའི་ཁེ་ལས་མང་པོ་བཅས་དང་འབྲེལ་བ་ཡོད་པ་དང་། རྣམ་གྲངས་ལ་ཐོན་ལས་དང་། སློབ་གསོ། སྨན་བཅོས། ལས་ཞུགས་གཞན་སྒྱུར། འཛད་སྤྱོད་དབུལ་སྐྱོར། ཚན་རྩལ་དབུལ་སྐྱོར་སོགས་ཁྱབ་ཁོངས་ཁག་ཚུད་ཡོད། དེའི་ཁྲོད་འཛད་སྤྱོད་དབུལ་སྐྱོར་དང་ལས་ཞུགས་གཞན་སྒྱུར་གྱི་རྣམ་གྲངས་གཉིས་ཀ་འདི་ལོ་གསར་དུ་བསྣན་པ་ཞིག་ཡིན་པ་དང་། སྔོན་རྩིས་བྱས་ན། མིང་རྟགས་འགོད་པའི་བྲིན་འཚོང་དངུལ་འབོར་སྒོར་དུང་ཕྱུར་45ཟིན་རྒྱུ་དང་མི་8000ལྷག་ཙམ་ལ་ལས་ཞུགས་བཀོད་སྒྲིག་བྱེད་རྒྱུ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་མི་འབོར་དབུལ་པོ་དེ་སྔའི་མི་ཁྲི་59ནས་མི་ཁྲི་15བར་ཉུང་དུ་ཕྱིན་པ་དང་། རྫོང(ཆུས)དབུལ་པོའི་གྲངས་འབོར་74ནས་19བར་ཉུང་དུ་ཕྱིན་པས། དབུལ་ཞྭ་འཕུད་པའི་གྲངས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། དབུལ་པོ་ཐོན་ཚད་25.2%ནས་5.6%བར་ཆག་པ་རེད། འདི་ལོ་བོད་རང་སྐྱོང་ལྗོངས་ཀྱིས་ལོ་འདིར་དབུལ་པོ་དབུལ་རྐྱང་ཡོངས་སུ་སེལ་བའི་བརྩོན་ལེན་བྱས་ཏེ་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་19ཡི་དབུལ་ཞྭ་འཕུད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།