[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷ་ས་གྲོང་ཁྱེར་གྱིས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པར་དགའ་སྐྱེལ་དང་ཕེབས་བསུ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བརྒྱད་པར་དགའ་སྐྱེལ་དང་ཁག་དགུ་པར་ཕེབས་བསུ་ཞུ་བའི་ཚོཌ་ཆེན་འཚོཌ་པ་རེད།

    ཚོགས་འདུའི་ཐོག་དམངས་འཚོའི་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། འགྲོ་འོང་སྤེལ་རེས་སོགས་ནས་འདས་ཟིན་པའི་ལོ་གསུམ་རིང་། བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ལས་དོན་ལ་ཕྱོགས་སྡོམ་དང་། སྔོན་ཐོན་དཔེ་མཚོན་ཅང་ཡོན་ཕུང་དང་ཝང་ཏུང་མིང་སོགས་བློ་མཐུན་ཚོའི་བྱས་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་སྟེ་ཚང་མས་བོད་སྐྱོར་གྱི་བརྩེ་སེམས་ལ་གཅེས་སྤྲས་དང་། ཕ་ཡུལ་གཉིས་པ་མ་བརྗེད་པ། སྔར་རྒྱུན་བཞིན་ལྷ་སའི་འཕེལ་རྒྱས་ལ་རྒྱབ་སྐྱོར། འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་ཀྱིས་སྦྲེལ་ཟམ་དང་སྒྲོག་ཐག་ཡག་པོ་བྱེད་པ་བཅས་ཀྱིས་ལྷ་ས་དང་ཅང་སུའུ་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་བའི་རེ་བ་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་ནི་ཅང་སུའུ་ཞིང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག་ཞིབ་འཇུག་ཡང་ཡང་དང་རིམ་པ་བཞིན་ཧྲག་འདེམས་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཁོང་ཚོས་དུས་རབས་གསར་པའི་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། ལྷ་སའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་ལས་འགན་ཕྲག་ཏུ་འཁུར་ཡོད་ལ། འདི་ནི་ལྷ་སའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཤེས་ལྡན་པའི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་རེད་ཅེས་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།