[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་འགན་འཁྲི་ཕྲག་ཏུ་འཁུར། གངས་ལྗོངས་ས་མཐོར་བྱས་རྗེས་འཇོག

    ​ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    ཟླ་བདུན་པའི་ཆབ་མདོར་སྐྱེ་དངོས་ཐམས་ཅད་སྐྱེ་སྟོབས་ཀྱི་དཔལ་འབར་ནས་གསོན་ཤུགས་རྒྱས་བཞིན་མཆིས།

    ཟླ་7ཚེས་16ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་60ཡི་རུ་སྣེ་འཁྲིད་མཁན་ལིའོ་ཁྲོན་ཅིན་གྱི་སྣེ་ཁྲིད་འོག་མཉམ་དུ་བོད་དུ་བསྐྱོད་དེ་ཁྲུང་ཆིང་གིས་ཆབ་མདོར་རོགས་སྐྱོར་བྱེད་པའི་རེས་སྐོར་གསར་པའི་ལས་དོན་སྤེལ་འགོ་བརྩམས་པ་རེད།

    བོད་སྐྱོར་ལས་དོན་སྤེལ་གྲབས་ཡོད་པའི་སྐབས་སུ། ཁྲུང་ཆིང་གི་ཁག་དགུ་པའི་བོད་སྐྱོར་རུ་མི་ཚོ་སྤོབས་སེམས་དང་ཡིད་ཆེས་ཀྱི་ཁེངས་པ་མ་ཟད། ཐོག་མར་ས་མཐོར་སླེབས་སྐབས་ཀྱི་མི་འཕྲོད་པའི་སྣང་ཚུལ་སྣ་ཚོགས་སེམས་འགུལ་དང་དགའ་སྤྲོའི་སེམས་པས་ཡོངས་སུ་འཇོམས།

    གསར་འགོད་པས་རུ་སྣེ་འཁྲིད་མཁན་ལིའོ་ཁྲོན་ཅིན་ལ་མ་འོངས་པའི་ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་ཐད་རེ་འདུན་གང་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས་བློ་བརྟན་འགྱུར་མེད་ངང“གཅིག་ནས་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་དང་། གཉིས་ནས་ཆབ་མདོའི་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ལེགས་སུ་གཏོང་བར་རམ་འདེགས། གསུམ་ནས་མི་རིགས་མཐུན་སྒྲིལ་སྔར་བས་ཟབ་ཏུ་བཏང་ནས་མཐའ་མཚམས་བརྟན་ལྷིང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་གི་ཡིན། སླད་ཕྱིན་ང་ཚོས་ལས་འགན་འདི་གསུམ་ཕྲག་ཏུ་ཁུར་ནས་བོད་སྐྱོར་གྱི་འཆར་འགོད་དམིགས་ཚད་དང་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བརྗོད།

    བོད་སྐྱོར་གྱི་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཚད་ལྡན་དང་། གོ་རིམ་ལྡན་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྤེལ་ཆེད། ཀྲུང་གུང་ཀྲུང་དབྱང་རྩ་བསྒྲགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཅིག་འགྱུར་བཀོད་སྒྲིག་དང་། དེ་བཞིན་ཁག་བརྒྱད་པ་དང་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་སྐབས་བརྗེའི་ལས་དོན་དང་། ལྷག་པར་དུ“སྔོན་འབྱོར་རྗེས་ཐོན་དང་རྩིས་སྤྲོད་རྩིས་ལེན”སྐོར་གྱི་ཁྲུང་ཆིང་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཟླ་7ཚེས་17ཉིན་གྱི་ཕྱི་དྲོར་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པ་དང་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་རྩིས་སྤྲོད་རྩིས་ལེན་དང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    དེ་རྗེས་ཟླ་7ཚེས་18ཉིན། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་གཉིས་དང་ཞིང་ཆེན་གཅིག་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་སྒྲིག་འཛུགས་གསོ་སྦྱོང་བྱས་ཏེ་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པར་ཁོར་ཡུག་གང་མགྱོགས་འཕྲོད་པ་དང་ས་གནས་དེ་གའི་མི་དང་གང་མགྱོགས་འབྲེལ་འདྲིས་ཐུབ་ནས་སྔ་ཙམ་ལས་ཀར་ཞུགས་རྒྱུར་རོགས་རམ་བྱས་པ་རེད།

    སྤེལ་རེས་བཞུགས་མོལ་དང་གསོ་སྦྱོང་གིས་ཁྲུང་ཆིང་གི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ལས་དོན་ཁྲོད་གང་མགྱོགས་མཉམ་འདྲེས་ཐུབ་པར་རྨང་གཞི་ཡག་པོ་ཞིག་བཏིངས་ཡོད།

    མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་མཐུན་སྒྲིལ་བྱས་ཚེ་གཞི་ནས་འཐབ་ནུས་འདོན་ཐུབ་ཅིང་། རུ་སྣེ་འཁྲིད་མཁན་ལིའོ་ཁྲོན་ཅིན་གྱིས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བོད་དུ་བསྐྱོད་པའི་གཟའ་འཁོར་དང་པོའི་གཟའ་མཇུག(ཟླ་7ཚེས་20གྱི་ཕྱི་དྲོ)ཏུ་གྲོང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་ཡོངས་སྒྲིག་འཛུགས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་གཙོ་བོས་ཁྲུང་ཆིང་དང་བོད་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་རེད།

    ཟླ་7ཚེས་21ཉིན། གྲོང་ཁུལ་དུ་ཡོད་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་གཅིག་ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་དུ་བསྐྱོད་པ་རེད།

    ཟླ་7ཚེས་28ཉིན། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲེན་ལེན་ཝུའུ་གདན་དྲངས་ཏེ་ཚང་མར“སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་གྱིས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་ཞིག་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་ནས་སྒྲིག་ལམ་འཛུགས་པ་དང་སྲིད་གཙང་ལ་དམ་འཛིན་བྱས་ཏེ་རུལ་སུངས་ལ་འགོག་རྒོལ་བྱས་པ་རེད།

    ཟླ་8ཚེས་3ཉིན། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་གདན་དྲངས་ཏེ་ཆབ་མདོའི་ལོ་རྒྱུས་འཆད་ཁྲིད་བྱས་པས་ཚང་མས་ཆབ་མདོའི་ལོ་རྒྱུས་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་ཐུབ་ཡོད།

    བོད་སྐྱོར་གྱི་ལས་དོན་ལ་ཁ་ཕྱོགས་སྐབས་འགོ་འཛུགས་ས་གསར་པ་དང་། ཁོར་ཡུག་གསར་པ། ལས་གནས་གསར་པ་བཅས་ནི་བོད་སྐྱོར་ལས་བྱེད་པས་ངེས་པར་དུ་ཉམས་སད་ཐེག་དགོས་པ་ཞིག་རེད་ལ། མི་ཚང་མས་གདོང་ཐུག་བྱེད་དགོས་པའི་འགྲན་སློང་དང་འཇོན་ཐང་ངོམ་སའི་ལས་སྟེགས་དང་གོ་སྐབས་ཤིག་ཀྱང་རེད།

    བོད་དུ་སླེབས་རྗེས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་རིམ་བཞིན་ལས་ཀར་ཞུགས་ཏེ་ལས་དོན་དངོས་མང་དག་ཅིག་བསྒྲུབས་ཡོད།

    ཟླ་7ཚེས་19ཉིན་ནས་བཟུང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་གཅིག་རྗེས་གཉིས་མཐུད་ངང་འབྲེལ་ཡོད་རྫོང་དང་། སྡེ་ཚན། ཚན་པ་བཅས་སུ་འབྱོར་ཐོ་བཀོད་པ་དང་། དེ་རྗེས་གང་མགྱོགས་ལས་གནས་སུ་བསྐྱོད་དེ་ལས་དོན་སྤེལ་འགོ་བརྩམས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།