[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཏུང་ཞིང་ཆེན་གྱི་ལས་ཞུགས་དབུལ་སྐྱོར་དང་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-25

    “ཁྱེད་ཀྱི་ལོ་རྒྱུས་ང་ཚོས་བལྟས་པ་ཡིན། ཆེད་ལས་ཀྱང་ང་ཚོའི་ལས་གནས་དང་འཚམ་པོ་འདུག གལ་སྲིད་ཁྱེད་ང་ཚོའི་ཁེ་ལས་སུ་ལས་ཀ་བྱེད་པར་ཕེབས་འདོད་ན་ང་ཚོ་འཕྲལ་མར་གན་རྒྱ་འཇོག་ཆོག”

    “ཀོང་ཏུང་དུ་ཐོབ་ཐང་ཇི་འདྲ་སྤྲོད་ཀྱི་ཡོད་དམ། གྲོང་ཁྱེར་ཆེན་པོ་དེ་འདྲར་འཛད་སྤྱོད་མཐོ་པོ་ཡོད་ཀྱི་རེད”

    འདི་ནི་ཉེ་ཆར་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲི་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པའི་ལས་ཞུགས་དབུལ་སྐྱོར་དང་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཀྱི་མཐོང་ཐོས་རེད། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཀྱི་དམིགས་ཡུལ་ནི་ལས་ཞུགས་ཀྱི་མཁོ་སྤྲོད་ལས་སྟེགས་གཏོད་པ་དང་ཀོང་ཏུང་དང་ཉིང་ཁྲིའི་མཉམ་ལས་ཟབ་ཏུ་བཏང་སྟེ་ཉིང་ཁྲིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་དང་ལྷག་དོན་དུ་ཉིང་ཁྲིའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལ་ཁྲིད་སྟོན་དང་ལྕག་སྐུལ་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ལས་བསྡུའི་ཚོགས་འདུའི་ཐོག མི་སྤྱོད་ཚན་པ་33གྱིས་ལས་ཞུགས་ལས་གནས་1503མཁོ་འདོན་བྱས་ཡོད། དེའི་ནང་ཀོང་ཏུང་ཞིང་ཆེན་གྱི་མི་སྤྱོད་ཚན་པ་17གྱིས་ལས་ཞུགས་ལས་གནས་ཁྱོན་བསྡོམས་1262(བྱ་གཞག་ཚན་པ་4ཡིས་བརྙན་ཐུང་སྒྲིག་བཟོ་དང་། ཁང་ནང་ཇུས་འགོད། དགེ་རྒན་སོགས་ཀྱི་ལས་གནས་12མཁོ་འདོན་བྱས་པ་དང་གཞུང་ཁོངས་ཁེ་ལས་4ཡིས་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་དང་། བཟའ་བཅའི་ཚན་རིག ཚོང་གཉེར་ཇུས་འགོད་སོགས་ལས་གནས་212)མཁོ་འདོན་བྱས་ཡོད། ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་16གི་མི་སྤྱོད་ཚན་པས་ཡུལ་སྐོར་གསར་སྤེལ་དང་། ཚོང་འགུགས་མ་འདྲེན། གནམ་གྲུའི་ལས་དོན་པ། ལས་གྲྭ་དོ་དམ་སོགས་ལས་གནས་སྣ་ཚོགས་241མཁོ་འདོན་བྱས་ཡོད། རྒྱ་ཆེའི་ལས་ཀ་འཚོལ་མཁན་གྱིས་ཚོགས་ར་ཡོངས་སྐོར་ནས་ལས་མི་བསྡུ་བའི་ཆ་འཕྲིན་ཞིབ་ཚགས་ཀློག་པ་དང་། ལས་གནས་ཀྱི་གནས་ཚུལ་བློ་འདྲི་ནན་ཏན་བྱེད་པ། དེའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་མི་500ལྷག་ཙམ་སླེབས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་དེབ་2000ལྷག་ཙམ་སྤྲད་པ། མི་སྤྱོད་ཚན་པ་ཁག་དང་ལས་ཞུགས་ཀྱི་འདོད་མཐུན་རགས་ཙམ་བཞག་པ་མི་ཐེངས་332ཟིན་པ་ལས་ཀོང་ཏུང་དུ་ལས་ཞུགས་འདོད་མཐུན་བཞག་པ་མི་ཐེངས་96ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།