[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

    ​ ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-25

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་21ཉིན་གྱི་སྔ་དྲོ་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཕེབས་པ་རེད།

    ཏིང་ཡེ་ཤན་གྱིས་དང་ཐོག་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཁོང་གིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བཏོན་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། ལོ་20ལྷག་ཙམ་རིང་ཁ་གཏད་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་དུས་བབ་དང་ལས་འགན་དང་རང་འགུལ་ངང་འཚམ་པ་བྱས་ཏེ་འཚོལ་ཞིབ་ཁྲོད་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་ཁྱོན་ཡོངས་ལ་ཁྱབ་པ་དང་། མི་སྣ་འདེམས་གཏོང་བྱ་ཐབས་བབ་བསྟུན་སྣ་མང་། མི་སྣ་འདེམས་གཏོང་གི་གྲངས་འབོར་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། མི་སྣ་དོ་དམ་དང་ཞབས་ཞུ་ཚད་དང་ལྡན་ཞིང་ཚན་རིག་དང་མཐུན་པ། བོད་སྐྱོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཁྱོན་ཡོངས་ལ་ཁྱབ་པའི་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།

    ཁ་གཏད་བོད་སྐྱོར་ལས་དོན་གྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེའི་འཕེལ་རིམ་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཆེན་པོ་ཐོན་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་པ་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་པ། དམངས་འཚོ་ལེགས་སུ་ཕྱིན་པ་དང་མི་སེམས་གཅིག་སྒྲིལ་བྱུང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐེབས་པ། བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་གསོ་སྐྱོང་དང་སྦྱོང་བརྡར་ཐེབས་ཡོད། ཚང་མས་ད་རེས་ཀྱི་གསོ་སྦྱོང་གི་གོ་སྐབས་འདི་ཡག་པོ་སྤྱད་ནས་བོད་ཀྱི་ལྗོངས་བབ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། དམངས་ཀྱི་གནས་ཚུལ་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་བསམ་བློ་མང་ཙམ་གཏོང་བ་དང་། སྤེལ་རེས་མང་ཙམ་བྱེད་པ། ཞིབ་འཇུག་མང་ཙམ་བྱེད་པ་བཅས་བྱས་ནས་སེམས་ནུས་ཡོད་ཚད་བོད་སྐྱོར་གྱི་ལག་ལེན་ཁྲོད་སྤྱད་དེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།